ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་ནད་གནས་ཚུལ་དང་དེ་མིན་རིམས་ནད་བྱུང་བའི་སྐབས་སུ་ཚན་རིག་ལ་བརྟེན་ནས་བྱིས་པའི་མཐོང་རྒྱ་སྲུང་སྐྱོབ་དང་རྒྱང་སྒྲིབ་སྔོན་འགོག་བྱེད་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཟླ་ལྔ་བའི་ཚེས་དགུ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་ད་ལྟ་ངོས་འཛིན་བྱས་པའི་ནད་པ་བརྒྱ་དང་ཞེ་བརྒྱད་ཡར་ཞུ་བྱས་ཤིང་། དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་བརྒྱ་དང་བཅོ་ལྔ་ཡོད་པ་དང་། ཉིན་དེར་ངོས་བཟུང་བའི་ནད་པ་བཅུ་བཞི་འཕར་སྣོན་བྱུང་ཞིང་དེའི་ནང་གི་ནད་པ་བཅུ་གཉིས་ས་གནས་ནས་ངོས་འཛིན་བྱས་པའི་ནད་པ་ཡིན་ལ། ནད་པ་གཉིས་ཕྱི་ནས་ནང་ལ་མཆེད་པའི་ནད་པ་ཡིན།  ཟླ་ལྔ་བའི་ཚེས་དགུ་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར། གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ནད་ནད་པ་ཉི་ཤུ་འཕར་སྣོན་བྱུང་བ་དང་།  གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ནད་ནད་པ་བསྡོམས་པས་བདུན་བརྒྱ་དང་གོ་བཞི་ཡོད་པ་དང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་ཞེ་བརྒྱད་ཡོད།

སྒྲོག་སྤེལ་ཚོགས་འདུའི་སྟེང་།  འབྲེལ་ཡོད་ཆེད་མཁས་པས་རིམས་ནད་བྱུང་བའི་སྐབས་སུ་བྱིས་པའི་མཐོང་རྒྱ་སྲུང་སྐྱོབ་དང་རྒྱང་སྒྲིབ་སྔོན་འགོག་བྱེད་པར་མཛུབ་སྟོན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།