ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་པྲོག་གསར་གློ་ཚད་རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མིག་སྔར། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་འཐད་པ་བྱུང་བ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་པྲོག་གསར་གློ་ཚད་རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱ་བ་ཞིབ་ཕྲ་སྒོས་དམ་འཛིན་བྱེད་པའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལྟར། ཕྱི་ནས་ནང་ལ་མཆེད་པ་འགོག་སྲུང་དང་ནང་ནས་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་པའི་སྤྱིའི་འགོག་སྲུང་ཇུས་གཞི་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ནུས་ལྡན་སྒོས་འགན་སྲུང་བྱེད་པར་མ་ཟད་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་ནུས་ལྡན་སྒོས་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ། ཁྲིམས་ལྟར་འགོག་སྲུང་དང་ཚན་རིག་དང་མཐུན་པར་འགོག་སྲུང་། མཉམ་འགོག་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱེད་ཐབས་དང་རེ་བ་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས། གལ་ཏེ་རིམས་ནད་བྱུང་རྗེས་དུས་ཐོག་ཏུ་འཕྲལ་སྒྲུབ་ཐག་གཅོད་བྱེད་ཐབས་སྤྱད་དེ་གནད་ཕིགས་འགོག་སྲུང་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།