ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་གྲོས་ཚོགས་ཐེངས་སོ་ལྔ་བའི་ཀྲུའུ་ཞིའི་གྲོས་ཚོགས་ཉེ་ལམ་པེ་ཅིང་ནས་བསྡུས་ཤིང་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནངས།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཚོགས་བསྡུ་བའི་འབྲེལ་ཡོད་གཏན་ཁེལ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་གྲོས་རིམ་དང་ཉིན་རིམ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་ཐེངས་བཅུ་བའི་གྲོས་རིམ་དང་ཉིན་རིམ་སོགས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཚོགས་གྱི་གྲ་སྒྲིག་གནས་ཚུལ་ལ་ཉན་པ་དང་གྲོས་ཚོགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ་ལྔ་བའི་ཆེས་ཉེར་གཅིག་ཉིན་པེ་ཅིན་ནས་བསྡུ་བའི་བསམ་ཚུལ་བཏོན།

ཝང་དབྱང་གིས་བསྟན་དོན། ལོ་རེར་ཐེངས་རེར་བསྡུ་བཞིན་པའི་རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན། པྲོག་གསར་གློ་ཚད་ལ་རིམས་འགོག་རྒྱུན་རྣམ་ཅན་གྱི་དམིགས་བསལ་གྱི་རྒྱབ་ལྗོངས་འོག་ནས་རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་བསྡུ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲིག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐག་གཅོད་གལ་ཆེན་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛུབ་སྟོན་གལ་ཆེན་གྱི་དགོངས་པར་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ་བསམ་བློ་དང་འགུལ་སྐྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་འདུ་ཤེས་བཞི་ཇེ་དྲགས་དང་ཡིད་རྟོན་བཞི་ཇེ་བརྟན། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབས་སྟེ་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་བཀོད་སྒྲིག་ཁག་དང་རེ་བ་དངོས་འབེབ་ནན་མོ་བྱ་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིའུ་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལའེ་པིན་སོགས་ཀྱིས་གྲོས་དོན་གསལ་བཤད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།