ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་ནད་གནས་ཚུལ་དང་དེ་མིན་ཁྲིམས་ལྟར་ཕྱི་ནས་ནང་ལ་མཆེད་པའི་རིམས་ནད་འགོག་སྲུང་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས།

ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་བསྡོམས་པས་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་བརྒྱད་བརྒྱ་སུམ་ཅུ་ཡར་ཞུ་བྱས་ཤིང་། དེའི་ནང་དུ་བསྡོམས་པས་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་ཉེར་དྲུག་ཡོད་པ་དང་། ཉིན་དེར་ངོས་འཛིན་བྱས་པའི་ནད་པ་གསུམ་འཕར་སྣོན་བྱུང་ཞིང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་གཉིས་ཡོད་ལ། རང་ས་གནས་ནས་བྱུང་བའི་ནད་པ་གཅིག་ཡོད། ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར། ཧུའུ་པེ་ཞིང་ཆེན་དུ་ངོས་འཛིན་བྱས་པ་ནད་པ་གཅིག་ཀྱང་མེད་པ་དང་དོགས་ཡོད་ནད་པ་ཡང་མེད། ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ད་ལྟ་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་དྲུག་བརྒྱ་དང་ཉེར་བདུན་ཡོད་པ་དང་། དེའི་ནང་དུ་ནད་པ་ལྗིད་མོ་ཉེར་གཉིས་ཡོད་ལ། བསྡོམས་པས་ནད་པ་སྟོང་གཅིག་དང་དགུ་དྲག་ཏེ་སྨན་ཁང་ནས་ཕྱིར་བུད་པ་དང་ནད་པ་གཅིག་ཀྱང་རྐྱེན་ལམ་དུ་མ་ཤོར།

སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་དང་དམངས་སྐྱོད་མཁའ་འགྲུལ་ཅུའུ་གཉིས་ཀྱིས་མཚམས་སྦྱོར་བྱས་དོན། ཉེ་བའི་ཟླ་གཅིག་གི་རིང་ལ། རྒྱལ་ནང་དུ་ཡོང་བའི་འགྲུལ་བ་བསྡོམས་པས་ཁྲི་བརྒྱད་དང་སྟོང་གཉིས་དྲུག་བརྒྱ་བཞི་བཅུ་སྐྱེལ་འདྲེན་བྱས་པ་དང་དེའི་ནང་དུ་གཙོ་བོ་ཕྱི་སྡོད་སློབ་མ་ཡིན་ཟེར། རྒྱལ་ཁབ་གནས་སྤོས་ཡུལ་མི་ཅུའུ་སོགས་ལས་ཁུངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་འགོག་སྲུང་བྱེད་ཐབས་ལ་ཤུགས་བསྣན་པའི་གནས་ཚུལ་མཚམས་སྦྱོར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།