ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ས་གནས་སོ་སོའི་ལས་བྱེད་མང་ཚོགས་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ལ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ་དང་། “བརྟན་འཇགས་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་དགོས་ཟེར། ས་གནས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་གློ་ཚད་རིམས་ནད་གསར་པ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་སེལ་ཧུར་ཐག་བྱས་ཏེ། “བརྟན་འཇགས་དྲུག”དང“འགན་ལེན་དྲུག”ལ་དམ་པོར་དམིགས་ནས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་རྒྱུ་དང་། བདེན་འཛིན་དོན་གཉེར་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་ཚང་མ་ལེགས་འགྲུབ་ཡོང་བར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེ་དགོས་ཟེར།

ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”མཇུག་བསྡུའི་ལོ་ཞིག་ཡིན་པར་མ་ཟད། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་གནད་འགག་གི་ལོ་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གནད་འཁེལ་ཇུས་འདོན་བྱས་ཏེ། དབུལ་པོ་ལྷག་མའི་དབུལ་ཐར་ལས་དོན་ཡག་པོ་སྒྲུབ་དགོས་ཟེར། གསུང་བཤད་དེས་དབུལ་ཐར་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་ཀྱིན་པའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་གསར་གཏོད་སྦྲེལ་ཐག་ལ་བཀོད་སྒྲིག་བྱེད་པ་དང་། གསར་གཏོད་སྦྲེལ་ཐག་ལ་དམིགས་ནས་ཐོན་ལས་སྦྲེལ་ཐག་བཀོད་སྒྲིག་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་སྔར་ལས་ཆེ་བ་སྤོ་དགོས་ཟེར། མིག་སྔར་ས་གནས་དང་སྡེ་ཁག་སོ་སོས་ཐོན་སྐྱེད་དང་ལས་ཀ་སླར་གསོ་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་འགན་ལེན་བྱེད་བཞིན་ཡོད།    ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་བཞེད་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོའི་བྱ་བ་དངོས་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པར་བྱེད་དགོས་ཟེར།    རི་ལྗང་ཆུ་དྭངས་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན། ཚང་མས“རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཙུགས་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།