ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125896472_15876399741071n.jpg

ཟླ4བའི་ཚེས20ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་། 

1125896472_15876401685981n.jpg

ཟླ4བའི་ཚེས20ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་། 

1125896472_15876403496771n.jpg

ཟླ4བའི་ཚེས20ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་། 

1125896472_15876405147311n.jpg

ཟླ4བའི་ཚེས20ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་སྐབས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་དགོས་ལ། ཏན་ཏན་ཏིག་ཏིག་སྒོས་ལས་ཞུགས་བརྟན་འཇགས་སུ་གཏོང་བ་དང་དངུལ་རྩ་བརྟན་འཇགས་སུ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་སུ་གཏོང་བ། དངུལ་གཏོང་བརྟན་འཇགས་སུ་གཏོང་བ། སྔོན་དཔག་དུས་སྐབས་བརྟན་འཇགས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད།  སྡོད་དམངས་ལས་ཞུགས་འགན་སྲུང་བྱེད་པ་དང་གཞི་རྩའི་དམངས་ཚིས་འགན་སྲུང་བྱེད་པ། ཚོང་རའི་གཙོ་གཞི་འགན་སྲུང་བྱེད་པ། འབྲུ་རིགས་ནུས་ཁུངས་བདེ་འཇགས་འགན་སྲུང་བྱེད་པ། ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་བརྟན་འཇགས་འགན་སྲུང་བྱེད་པ། གཞི་རིམ་འཁོར་རྒྱུག་ལས་འགན་འགན་སྲུང་བྱེད་རྒྱུ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཧུར་ཐག་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་མི་ལེགས་པའི་ཤུགས་རྐྱེན་སེལ་ཏེ། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། ཧྲན་ཞི་ཞིང་ཆེན་གྱིས་དུས་རབས་གསར་བའི་ནང་སྔར་ལས་ལྷག་པའི་གྲུབ་འབྲས་གསར་བ་ལེན་པར་བརྩོན་ལེན་བྱེད་དགོས་ཟེར།

ཟླ4བའི་ཚེས20ཉིན་ནས་ཚེས23ཉིན་བར། ཞི་ཅིན་ཕིང་ཧྲན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཧི་ཕེན་དང་ཧྲིན་ཀྲང་ལིག་གོ་ཀྲུང་གཉིས་ཀྱི་འགྲོ་རོགས་འོག་སྔ་གཞུག་ཏུ་ཧྲང་ལོ་དང་ཨན་ཁང་། ཞི་ཨན་སོགས་ས་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་དབུལ་ཕོངས་རི་ཁུལ། གཞིས་ཁུལ། སློབ་གྲྭ། ཁེ་ལས་སོགས་སུ་ཕེབས་ནས་ཆིན་ལིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར། ལས་ཐོན་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་བའི་བྱ་བ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

གཟིགས་ཞིབ་གནང་སྐབས། ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་ཧྲན་ཞི་ཞིང་ཆེན་གྱི་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཡང་ཡིན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ང་ཚོས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཤུགས་རྐྱེན་བཟོས། ཧྲན་ཞི་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྡུག་ཁྱད་སེལ་དང་ནན་ཏན་སྒོས་བྱ་བ་བསྒྲུབ་ནས། དུས་རབས་གསར་བའི་བྱ་བ་སྣ་ཚོགས་ཁྲོད་དུ་གྲུབ་འབྲས་གསར་བ་ལེན་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ནུས་ཤུགས་གང་ཡོད་འདོན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཧྲན་ཞི་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་རང་སྟེང་གི་འཕེལ་རྒྱས་སྤུས་ཚད་དང་རྒྱུན་མཐུད་འཕེལ་རྒྱས་ལ་འབྲེལ་བ་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་དང་། རི་ཆུ་ནགས་གསུམ་དང་ཞིང་དང་མཚོའུ་རྩྭ་ས་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་ལ། རྒྱལ་ཁོངས་བར་སྟོང་གསར་སྤེལ་རྣམ་པ་ལེགས་སྒྱུར་བྱེད་པ་དང་ཁུལ་ཁོངས་ཐོན་ལས་བཀོད་སྒྲིག་ལ་ལེགས་སྒྲིག་བྱེད་པར་མ་ཟད་དག་གཙང་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གནམ་སྔོན་དང་ཆུ་གཙང་ས་གཙང་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་རྨོ་སྐྱུར་ནགས་སྐྲུན་རྩྭ་འདེབས་གང་ལེགས་སྒོས་སྤེལ་ཞིང་བྱེ་ཐང་ཅན་དང་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་བཞུར་རྒྱུན་ལ་གཏོར་བརླག་དང་ཚད་བརྒལ་བཀོལ་སྤྱོད་བྱས་པ་དེ་ཡང་བསྐྱར་སླར་གསོ་བྱས་ཏེ་བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་རིམས་འགོག་འཐབ་རྩོད་ནི་ང་ཚོའི་མདུན་དུ་ལྷག་པའི་འགྲན་རྩོད་ཆེན་པོ་ཞིག་ཡིན་པ་དང་། དེ་ལས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་སྟོབས་ལྡན་འཐབ་འཛིང་ནུས་ཤུགས་མཚོན་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་སྟོན་གྱི་ནུས་པ་མཚོན་པར་བྱས་ཡོད། དེ་དང་མཉམ་དུ་ཏང་རྩ་འཛུགས་ཁ་ཤས་ཀྱི་རྩ་འཛུགས་འགོ་ཁྲིད་ནུས་ཤུགས་ཞན་པ་དང་། ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱི་ནུས་པ་ཞན་པ་དང་སྤྱོད་ཚུལ་མི་ལེགས་པ་སོགས་ཀྱི་གནད་དོན་ཐེར་འདོན་བྱས་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དེ་ཏང་གི་འཛུགས་སྐྲུན་བརྒྱུད་རིམ་ཡོངས་སུ་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།