ཀྲུང་གོ་བོད་ཀྱི་དྲ་བ།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གཉིས་ཀྱིས་ངལ་ནུས་མཉམ་ལས་བྱེད་པར“6+1”གི་བྱེད་ཐབས་ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གཉིས་ཀྱིས་ཉེ་ཆར་བརྡ་ཐོ་བཀྲམ་སྟེ་ངལ་ནུས་མཉམ་ལས་བྱེད་པར“6+1”གི་བྱེད་ཐབས་ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས་ཤིང་། ཟླ4པའི་ཟླ་དཀྱིལ་ནས་ཟླ6པའི་ཟླ་མཇུག་བར་ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཧྲན་ཏུང་། ཀོང་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་ཧུའུ་པེ་ལ་གནས་གཏན་འཁེལ་གྱི་ངལ་ནུས་འབྲེལ་མཐུད་བྱེད་པར་བཀོད་སྒྲིག་བྱས།

 བརྡ་ཐོ་ནང་གསལ་བོར་བསྟན་དོན། མཉམ་ལས་ལམ་སྲོལ་བཙུགས་ཏེ་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་ཧུའུ་པེ་ལ་དུས་བཅད་ལྟར་འབྲེལ་གཏུག་ལམ་ལུགས་འཛུགས་རྒྱུ་དང་ངལ་ནུས་ཀྱི་གྲོས་མཐུན་ཡི་གེ་བཀོད་ནས་དམིགས་ཚད་ལས་འགན་གསལ་བོར་བྱ་རྒྱུ་དང་། ཁྱོན་ཡོངས་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱི་གནས་ཚུལ་རྒྱུས་ལོན་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ལམ་སྲོལ་འཛུགས་རྒྱུ། ངལ་ནུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནད་སྨིན་ལས་ཞུགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ། “གནས་གཏད་དང་གཅིག་འཐུས་རྣམ་པ”ལྟར་ཐད་ཀར་སྐྱེལ་འདྲེན་བྱེད་པའི་སྒྲིག་གཞི་བཙུགས་ཏེ། ཕྱོགས་ཡོངས་ནས་ལས་ཞུགས་ཐད་ཀྱི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དང་ཧུའུ་པེ་ཡི་ངལ་ནུས་ཞན་པའི་ལས་མིའི་ལས་ཞུགས་ཐད་ནུས་ཤུགས་ཡོད་རྒུ་བཏོན་ནས་སླར་གསོ་བྱ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།