ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ནག་ཚོགས་གཙང་སེལ་གཞུང་ལས་ཁང་གིས་དམིགས་བཙུགས་ཀྱིས་ལྟ་སྐུལ་བྱས་པའི་གྱོད་གཞི་ཆེན་པོ111བསྒྲུབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(图表)[法治]全国扫黑办已挂牌督办111起大要案件

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནག་སེལ་ངན་འཇོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་ལ། རྒྱལ་ཡོངས་ནག་ཚོགས་གཙང་སེལ་གཞུང་ལས་ཁང་གིས་དམིགས་བཙུགས་ཀྱིས་ལྟ་སྐུལ་བྱས་པའི་གྱོད་གཞི་ཆེན་པོ111བསྒྲུབས་པ་དང་། དེའི་ཁྲོད་དུས་འགོའི་དམིགས་བཙུགས་ཀྱི་གྱོད་གཞི73འདུ་ལ་བསྡོམས་པས་དོགས་ཡོད་ཉེས་ཅན7275འཛིན་བཟུང་བྱས་པ་དང་། གྱོད་དོན་དང་འབྲེལ་བའི་རྒྱུ་ནོར་སྒོར་དུང་ཕྱུར717ལྷག་སྒོ་ཐེལ་དང་། བཙན་ཉར། བསྡམས་བཅད་བཅས་བྱས་པ་ལས་གཞན། ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་རུལ་སུངས་དང“སྲུང་གདུགས་མི་སྣ”2734ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བྱས།

 འདི་ནི་གསར་འགོད་པས་ཉིན་ཤས་སྔོན་འཚོགས་པའི་རྒྱལ་ཡོངས་ནག་ཚོགས་གཙང་སེལ་གཞུང་དོན་ཁང་གི་དམིགས་བཙུགས་ཀྱིས་ལྟ་སྐུལ་བྱས་པའི་གྱོད་གཞི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཡིག་ཆེེན་མོའམ་རྒྱལ་ཡོངས་ནག་སེལ་གཞུང་དོན་ཁང་གི་ཀྲུའུ་རེན་ཁྲེན་ཡུས་ཤིན་གྱིས་ནུས་ཤུགས་ཡོད་དགུས་དམིགས་བཙུགས་ཀྱིས་ལྟ་སྐུལ་བྱེད་པའི་གྱོད་གཞི་བརྒྱ་ལྷག་བསྒྲུབས་པའི་གོ་རིམ་ཁྲོད། ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་བྲོས་བྱོལ་ཉེས་ཅན་ཆིག་སྟོང་ལྷག་འཛིན་བཟུང་བྱེད་པར་སྐུལ་འདེད་དང་ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁྲི་ལྷག་ཁྲིམས་ལྟར་ཞིབ་གཅོད་མཇུག་སྒྲིལ་བྱེད་པར་སྐུལ་ཁྲིད་བྱས་ཏེ་ཆབ་སྲིད་དང་། བཅའ་ཁྲིམས། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་གཅིག་གྱུར་དང་འབྲེལ་བ་དམ་ཟབ་ཡོང་པར་སྐུལ་འདེད་གཏོང་དགོས་ཞེས་བཤད།

 རྒྱལ་ཡོངས་ནག་ཚོགས་གཙང་སེལ་གཞུང་དོན་ཁང་གིས། ཤུགས་ཆེན་པོས་དཀའ་ངལ་ཁྱད་སེལ་གྱིས་བསྒྲུབ་དཀའ་བའི་གྱོད་གཞི་ཁག་གཅིག་ཞིབ་བཤེར་བྱ་རྒྱུ་དང་། ཁྲིམས་ལྟར་རྩད་གཅོད་ནན་མོ་བྱེད་པར་ཁྲིམས་ལུགས་ཀྱི་མཚོན་ཆ་དང་སྲིད་ཇུས་ཀྱི་གཏན་འབེབས་ལག་ལེན་དོན་འཁྱོལ་བྱ་རྒྱུ།  སྒྲིག་ཁྲིམས་དང་བཅའ་ཁྲིམས་མཐུན་སྦྱོར་ཡོང་བར་བྱས་ཏེ་གྱོད་གཞི་གང་ཡིན་གཏིང་མཐའ་གཅོད་པར་བྱ་རྒྱུ། གནད་ལ་འཕིགས་པའི་སྒོ་ནས་ནག་ཚོགས་ཀྱི་དཔལ་འབྱོར་དང་སྟོབས་ཤུགས་ལ་རྡུང་རྡེག་བཏང་སྟེ། ནག་ཚོགས་སྟོབས་ཤུགས་ཀྱི་དཔལ་འབྱོར་རྨང་གཞི་རྩ་མེད་བཏང་ནས་ས་གནས་དེ་གའི་ལས་ཞུགས་དང་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུ་རྒྱུ། ཆེད་ལས་ཀྱི་དཔུང་སྡེ་འཛུགས་སྐྲུན་བྱས་ནས་གྱོད་གཞི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ། ཆེད་མངགས་ལྟ་སྐུལ་མི་སྣའི་མཛུབ་ཁྲིད་ལ་བརྟེན་ནས་ཐག་བཅད་ཟིན་པའི་གྱོད་གཞི་རེ་རེར་ཞིབ་དཔྱད་དང་སྒྲུབ་བཞིན་པའི་གྱོད་གཞི་ལ་ནོར་འཁྲུལ་མི་འབྱུང་བ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།