ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཧན་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་སྔོན་དཔག་ལས་མགྱོགས་པ་དང་ལེགས་པ་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན་ཧུའུ་པེ་ཞིང་ཆེན་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་འཚོགས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཝུའུ་ཧན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལི་ཆང་གིས། ཝུའུ་ཧན་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པར་བརྟེན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་རྒྱལ་ཡོངས་དང་ཞིང་ཆེན་དེ་ཡོངས་ལས་ཕྱི་བ་ཡོད། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་ཡང་ས་ཁུལ་གཞན་དག་ལས་ཆེ་བ་ཡོད་མོད། འོན་ཀྱང་ཝུའུ་ཧན་གྲོང་ཁྱེར་གྱིས་སྒུག་རྟེན་བྱས་མེད་པར་རང་འགུལ་ངང་བྱ་སྤྱོད་སྤེལ་ཡོད་ལ། གྲོང་ཁྱེར་ཡོངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་ཀྱང་སྔོན་དཔག་ལས་མགྱོགས་པ་དང་ལེགས་པ་ཡོད། ཟླ་4ཚེས་18ཉིན་བར་ཝུའུ་ཧན་གྲོང་ཁྱེར་གྱི“བཞི་ཡན་ཁེ་ལས”དང་དེ་བཞིན་ས་ཁང་ཐོན་ལས་གསར་སྤེལ་ཁེ་ལས་11507ཁྲོད་ནས་ཁེ་ལས་11308ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ་དང་ལས་འགོ་བསྐྱར་འཛུགས་བྱེད་ཚད་98.3%དང་ལས་ཐོག་ཏུ་འབྱོར་ཚད་86.7%ཟིན་ཡོད་ཅེས་བརྗོད་པ་རེད།

རྗེས་མར་ཝུའུ་ཧན་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལོན་རྒྱུར་འབད་བརྩོན་བྱས་ཏེ་ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། ཚོང་ལས་བསྐྱར་དར། ཁྲོམ་ར་སླར་གསོ་བཅས་དང་དེ་བཞིན་ཁེ་ལས་དཀའ་ངལ་ལས་སྒྲོལ་བ་དང་། རྣམ་གྲངས་ལ་མ་དངུལ་འཇོག་ཚད་ཆེ་རུ་གཏོང་བ། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ནས་དམངས་འཚོ་འགན་སྲུང་གི་དམག་འཐབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དམག་འཐབ་ཏན་ཏིག་ངང་ཡག་པོ་རྒྱག་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཝུའུ་ཧན་གྲོང་ཁྱེར་གྱིས་འཛད་སྤྱོད་འཛིན་བྱང་གང་མགྱོགས་སྤྲད་དེ་འཛད་སྤྱོད་འཛིན་བྱང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དང་ཆབས་ཅིག་དྲ་ཐོག་ཏུ་སྤྲིན་ཚོམ་སྒོ་རྩིས་ཚོང་ཁང་དང་། སྤྲིན་ཚོམ་རོལ་རྩེད་ཁང་། སྤྲིན་ཚོམ་སློབ་གསོ་སོགས་ཀྱི་གསར་དར་སིལ་འཚོང་ལས་རྣམ་འཛུགས་སྐྲུན་བྱེད་པ་དང་དྲ་ཕྱིར་དཔེ་གསར་གྱི་སྟབས་བདེའི་ཚོང་ཁང་དང་། མི་མེད་སྒོ་རྩིས་ཚོང་ཁང་། རིག་ལྡན་ཟོག་འཚོང་འཕྲུལ་འཁོར། འབྲེལ་ཐུག་མེད་པའི་སྡེབ་སྐྱེལ། རིག་ལྡན་འགྲོ་སྐྱོད་སོགས་སིལ་འཚོང་རྣམ་པ་གསར་པ་བཀོད་སྒྲིག་བྱས་ནས་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།