ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་སོ་བཞི་བ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས17ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་སོ་བཞི་བ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། འཐབ་ཇུས་ཀྱི་མཐོ་ཚད་ནས་ཕྱི་རྒྱལ་དང་འབྲེལ་བའི་བཅའ་ཁྲིམས་ཞབས་ཕྱིའི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་འཛུགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་སྒོས་བྱང་ཚད་མཐོ་བའི་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཞབས་ཕྱིའི་དཔུང་སྡེ་ཞིག་གསར་སྐྲུན་བྱེད་དགོས་པར་མ་ཟད། སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས་ཟེར།

སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པ། ཤེས་ཡོན་ཅན་བཅུ་གཉིས་ཀྱིས་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཞབས་ཕྱིའི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་རྒྱབ་སྐྱོར། སློབ་གསོ་སྐྱེད་སྲིང་། རྒྱལ་སྤྱིའི་མཉམ་ལས་སོགས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས་པ་དང་། ཨུ་ཡོན་བརྒྱ་དང་ཉི་ཤུ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཡུས་ཏོན་འགན་འཁྲི་ལག་བསྟར་སྟེགས་བུའི་སྟེང་བསམ་འཆར་སྤེལ། ཚང་མས་བལྟས་ན། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། རང་རྒྱལ་གྱི་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་བྱ་བར་སྔར་ལས་ཤུགས་བསྣན་པ་དང་། བཅའ་ཁྲིམས་ཞབས་ཕྱིའི་ཤེས་ལྡན་མི་སྣའི་དཔུང་སྡེ་ཉིན་རེར་སྟོབས་ལྡན་དུ་གྱུར་ཞིང་ཞབས་ཕྱིའི་ཁྱབ་ཁོངས་རིམ་བཞིན་རྒྱ་སྐྱེད་ནས། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་ཕྱི་རྒྱལ་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་འདོན་པར་སྐུལ་འདེད་བཏང་བར་སྙམ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།