ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་པེ་རུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཞབས་ཞུའི་དྲ་རྒྱ་ཞིང་ཆེན་ཡོངས་སུ་ཁྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།     ཚེས19ཉིན། ཧུའུ་པེ་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཏུང་རུའུ་ཡིས་བཤད་རྒྱུར། ཧུའུ་པེའི་པྲོག་གསར་གློ་ཚད་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཞབས་ཞུའི་ལས་དོན་ཇེ་མགྱོགས་སུ་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཞིབ་དཔྱད་ཚད་ལེན་གྱི་དགོས་མཁོ་བསྐངས་ཡོད། མིག་སྔར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང189ལས་གྲུབ་པའི་ཞིབ་དཔྱད་ཚད་ལེན་ཞབས་ཞུའི་དྲ་རྒྱ་ཞིང་ཆེན་ཡོངས་སུ་ཁྱབ་ཡོད་ཅེས་བཤད་པ་རེད།

ལིའུ་ཏུང་རུའུ་ཡིས་བཤད་རྒྱུར། ཧུའུ་པེའི་ས་གནས་སོ་སོས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དེ་མིག་སྔའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། མི་ཚོགས་གཙོ་གནད་ཀྱིས་ཞིབ་དཔྱད་ཚད་ལེན་དང་། མི་ཚོགས་དཀྱུས་མས་ཞིབ་དཔྱད་ཚད་ལེན། ཞིབ་དཔྱད་ཚད་ལེན་གྱི་ནུས་པ་དུས་ཐོག་ཏུ་ཆེ་རུ་བཏང་སྟེ། དམིགས་བསལ་བྱ་ཡུལ་ལ་ངེས་པར་དུ་ཞིབ་བཤེར་འགན་ལེན་བྱེད་པ། ཞིབ་དཔྱད་ཚད་ལེན་སྙན་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ཡོད་ཅེས་བཤད་པ་རེད། ཟླ3པའི་ཚེས30ཉིན་ནས་བཟུང་། ཧུའུ་པེའི་ཉིན་རེའི་ཆ་སྙོམས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་ཚད་མི་ཐེངས་ཁྲི5.4ཟིན་ཏེ། དེ་སྔའི་ཉིན་རེའི་ཆ་སྙོམས་ཞིབ་དཔྱད་ཚད་ལེན་བྱེད་ཚད་མི་ཐེངས་ཁྲི2.4ལས་མཐོ་བ་དང་། ཟླ4བའི་ཚེས17ཉིན་ཞིབ་དཔྱད་ཚད་ལེན་བྱེད་ཚད་མི་ཐེངས་ཁྲི8.9ཟིན་ཡོད་པ་རེད། ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།