ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅིན་པཱ་པུའུ་ཝེ་ཡི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ཏེ་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བན་དེ་སྐྱབས།   སྤེལ་དུས། : 2020-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། ཅིན་པཱ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ཏེ་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ་བཞི་བཅུ་འགོར་བའི་རིང་ལ། ཀྲུང་གོ་དང་ཅིན་པཱ་ཝེ་ཡིས་ཐོག་མཐའ་བར་གསུམ་ཀུན་དུ། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས། ཕྱོགས་གཉིས་པོའི་འབྲེལ་བས་དུས་ཚོད་དང་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་གི་ཚོད་བགམ་ཐེག་ཡོད། ང་དང་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝའི་བར་ལ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངས་ཀྲུང་གོ་དང་ཅིན་པཱ་པུའུ་ཝེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བ་གོ་སྐབས་སུ་བརྩིས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཏེ། པེ་ཅིན་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་དེ་ནི། ཅིན་པཱ་པུའུ་ཝེའི“2030ལོའི་ཕུགས་འདུན”མངོན་འགྱུར་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་སྔར་ལས་ནུས་ལྡན་བྱེད་འདོད་ཡོད། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་ཅིན་པཱ་པུའུ་ཝེ་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དཀའ་ངལ་མཉམ་སེལ་བྱས་ཏེ་མཉམ་དུ་གློ་ཚད་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་འདོད་ཡོད་ཅེས་བསྟན།

མུའུ་ནན་ཅ་ཀུའུ་ཝ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་འདས་ཟིན་པའི་ལོ40ལ་ཕྱིར་མིག་ལྟ་སྐབས་ཟོལ་མེད་དང་མཐུན་སྒྲིལ། གཉིས་ཕན། ཕན་ཚུན་ཡིད་ཆེས་བཅས་ནི་རྒྱལ་ཁབ་གཉིས་པོའི་སྤུན་ཟླའི་བརྩེ་དུང་དང་ཆུ་ཚད་མཐོ་བའི་འབྲེལ་བའི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད། ཅིན་པཱ་པུའུ་ཝེ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོར་ཧུར་ཐག་སྒོས་ཞུགས་ཡོད། ཅིན་པཱ་པུའུ་ཝེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་མུ་མཐུད་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ལ།  གློ་ཚད་ཀྱི་རིམས་ནད་གསར་པའི་ཚོད་བགམ་དྲག་པོའི་མདུན་དུ་ཅིན་པཱ་པུའུ་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་བརྒྱབ་ནས། རིམས་ནད་ཀྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཤུགས་རྐྱེན་ཐེབས་པར་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།