ཀྲུང་གོ་བོད་ཀྱི་དྲ་བ།

སྐབས127པའི་ཀོང་ཀྲོའུ་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་བརྗེ་རེས་ཚོགས་འདུ་ཟླ6པའི་ཚེས15ཉིན་ནས་ཚེས24ཉིན་བར་དྲ་ཐོག་ནས་སྤེལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཚེས6ཉིན་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྐབས127པའི་ཀོང་ཀྲོའུ་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་བརྗེ་རེས་ཚོགས་འདུ་དེ་ཟླ6པའི་ཚེས15ཉིན་ནས་ཚེས24ཉིན་བར་དྲ་ཐོག་ནས་སྤེལ་རྒྱུ་དང་ཚོགས་ཡུན་ཉིན10ཡིན་པ་རེད།

 ཚོང་དོན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། དྲ་ཐོག་ཏུ་ཀོང་ཀྲོའུ་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་བརྗེ་རེས་ཚོགས་འདུ་སྤེལ་བ་ནི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཧུར་ཐག་སྒོས་ཁ་གཏད་གཅོག་པ་དང་། ཧུར་ཐག་སྒོས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་བརྟན་བརླིང་དུ་གཏོང་བའི་བྱེད་ཐབས་ཤིག་ཡིན་པས། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་མངགས་ཐོ་མང་པོ་བརྩོན་ལེན་དང་ཁྲོམ་ར་འགན་སྲུང་བཅས་བྱས་ནས་ཀོང་ཀྲོའུ་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་བརྗེ་རེས་ཚོགས་འདུ་ཡི་ལས་སྒོ་ཕྱོགས་ཡོངས་ལ་སྒོ་འབྱེད་བྱེད་པར་ཕན་ནུས་གལ་ཆེན་ལྡན་པ་དང་།  ཚོང་དོན་པུའུ་ཡིས་ཕྱིར་གཏོང་ནང་འདྲེན་གཉི་ག་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་སྐྱེད་དང་། མཁོ་སྤྲོད། སྦྲེལ་མཐུད་བཅས་ཡག་པོ་བྱེད་པ་དང་། ཕྱོགས་ཡོངས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་ཧུར་ཐག་བྱེད་པ་དང་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་བ། ཁེ་ལས་ལ་ཕན་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཆ་འགྲིག་ཞབས་ཞུའི་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཁེ་ལས་དང་ཚོང་ཤག་གི་དྲ་ཞུགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས“དམིགས་བསལ་གྱི་དུས་སྐབས་དང་། དམིགས་བསལ་གྱི་དོན་སྙིང་། དམིགས་བསལ་གྱི་བྱ་ཐབས། དམིགས་བསལ་གྱི་ངོ་མཚར་ཆེ་བ”བཅས་ཀྱི་ཀོང་ཀྲོའུ་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་བརྗེ་རེས་ཚོགས་འདུ་འཚོག་རྒྱུར་བརྩོན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།