ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་རྒྱུན་མཐུད་ངང་གཞི་རིམ་ལ་གནོད་སྐྱེལ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་བཅད་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་སྤྱོད་ཚུལ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བ

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་རྒྱུན་མཐུད་ངང་གཞི་རིམ་ལ་གནོད་སྐྱེལ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་བཅད་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་སྤྱོད་ཚུལ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས། བརྡ་སྦྱོར་ནང་བསྟན་དོན། ད་ལོར་རང་རྒྱལ་གྱི་འཕེལ་རྒྱས་ཐད་ཀྱི་ཉེན་ཁ་དང་འགྲན་རྩོད་ཇེ་ཆེར་སོང་བ་དང་། དེའི་ཐོག་རིམས་ནད་ཀྱི་ཤན་ཤུགས་ཐེབས་པའི་དབང་གིས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པའི་དཀའ་ཁག་སྔར་ལས་ཆེ་བ་དང་། སྤྱོད་ཚུལ་བཟང་བོས་བྱ་བ་ལག་བསྟར་བྱེད་པར་དམ་འཛིན་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ཆེར་སྐྱེད་དགོས་ཟེར།

བརྡ་སྦྱོར་ནང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་སེལ་བྱེད་པའི་བསམ་བློ་ཆབ་སྲིད་གཞི་རྩ་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་ན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་ལམ་ལུགས་ཁྲོད་འཇོག་པར་བཀག་འགོག་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་ཉམས་མྱོང་དང་བསླབ་བྱ་སྤྱི་སྡོམ་བྱེད་པ། མི་དམངས་ཀྱི་ཁེ་ཕན་ཀུན་ལས་མཐོ་བ་ནམ་ཡང་ཡིད་ལ་དམ་པོར་འཛིན་པ། གོང་ལ་འགན་ཁུར་བ་དང་འོག་རིམ་ལ་འགན་ཁུར་བ་གཉིས་གཅིག་གྱུར་བྱས་ཏེ། འགོ་ཁྲིད་ཡིད་ཚིམ་ན་ཡང་མང་ཚོགས་ཡིད་ཆད་པར་བྱེད་པའི་དོན་དག་གཏན་ནས་བསྒྲུབ་མི་རུང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་། རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྲོད་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་ཕྱི་རྒྱལ་ནས་རྒྱལ་ནང་དུ་ཁྱབ་པར་བཀག་འགོག་དང་ནང་ཁུལ་ནས་ཡང་བསྐྱར་མཆེད་པར་བཀག་འགོག་བྱེད་པ། ལས་ཐོན་སླར་གསོ་བྱེད་པ་སོགས་ཐད་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ནས། ཕྱོགས་མང་པོ་ནས་ཡང་དང་བསྐྱར་དུ་གཞི་རིམ་ལ་ལས་འགན་བཀོད་སྒྲིག་བྱེད་པ་དང་རེའུ་མིག་ལས་སུ་འཇུག་པ། སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་བྱེད་ཐབས་བཀག་འགོག་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ལེགས་བཅོས་ནན་མོ་བྱས་ཏེ། གྲངས་ཀའི་དབུལ་ཐར་དང་རྫུས་བཅོས་དབུལ་ཐར་བཀག་འགོག་བྱེད་དགོས། བརྟག་བཤེར་ཞིབ་འཇུག་གི་ཕན་འབྲས་མཐོར་འདེགས་གཏོང་བ་དང་། ལས་བྱེད་པའི་ཁག་ཁུར་གྲུབ་འབྲས་ཀྱི་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གླེང་མོལ་འདྲི་གཅོད་དང་འགན་འཁྲི་རྩད་གཅོད་ལག་བསྟར་བྱས་ནས། མ་ཉེས་ཁ་གཡོགས་བྱས་པའི་ལས་བྱེད་པར་ཁུངས་སྐྱེལ་དག་འབུད་བྱེད་པའི་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཐོན་སླར་གསོ་བྱེད་པ་དང་། མཁྲེགས་གཏོར་ཆེན་པོ་གསུམ་སྤེལ་བའི་འཐབ་རྩོད་ཆེན་པོའི་ཁྲོད་ལས་བྱེད་པར་ལྟ་ཞིབ་དང་དབྱེ་འབྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།