ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རིམས་ནད་འགོག་བཅོས་བྱེད་པ་དང་མཉམ་དུ་ཧུར་ཐག་དང་གོ་རིམ་ལྡན་པར་ལས་ཐོན་སླར་གསོ་བྱེད་པརསྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།



ཉེ་ལམ། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་འགོག་བཅོས་བྱེད་པ་དང་མཉམ་དུ་ཧུར་ཐག་དང་གོ་རིམ་ལྡན་པར་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཕྱི་ནས་ནང་ལ་མཆེད་པ་འགོག་སྲུང་དང་ནང་ནས་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་པའི་སྤྱིའི་རིམས་འགོག་འཐབ་ཇུས་ལག་བསྟར་བྱེད་པ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་ལ། འགོག་སྲུང་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་ཏུ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་པ་དང་ཧུར་ཐག་དང་གོ་རིམ་ལྡན་པར་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་ཕྱོགས་བདུན་གྱི་རེ་བ་བཏོན། གཅིག ས་གནས་དང་ལས་ཁུངས་ཀྱིས་རིམས་འགོག་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། གཉིས། རྒྱུན་རྣམ་ཅན་གྱི་འགོག་སྲུང་དང་འཕྲལ་སྒྲུབ་ཐག་གཅོད་ཟུང་འབྲེལ་བྱེད་དགོས། གསུམ། ས་ཁུལ་དང་རིམ་པ་དགར་ནས་ཐོན་སྐྱེད་སྒྲིག་ལམ་སླར་གསོ་བྱེད་དགོས། བཞི། ཐོན་ལས་ཕྲེང་འབྲེལ་ཚང་མའི་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏང་དགོས། ལྔ། ཞབས་ཕྱི་ལས་རིགས་ཀྱི་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། དྲུག འགྲུལ་སྐྱེལ་སླར་གསོ་དང་ལས་གནས་སུ་ཕྱིར་ལོག་པའི་ཞབས་ཕྱི་བཟང་བོར་བསྒྲུབ་དགོས། བདུན། འགྲིམ་འགྲུལ་སྒྲིག་ལམ་འགན་སྲུང་ལ་ཤུགས་སྣོན་དགོས་པ་བཅས་རེད།

བསམ་འཆར་ལས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་ཀྱིས་བྱ་བ་སྒྲུབ་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་དང་། ཡར་སྐུལ་རྐྱེན་སྲོལ་དང་ནོར་འཁྲུལ་ཡོ་བསྲང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ལ། རང་འགུལ་སྒོས་བྱ་སྤྱོད་སྤེལ་བ་དང་འགན་འཁྲི་ཁག་ཁུར་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། གཞི་རིམ་གྱི་དཀའ་ཁག་སེལ་ཞིང་ཁུར་བོ་ཇེ་ཡང་དུ་གཏོང་བར་རོགས་རམ་ཆེན་པོ་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།