ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཞི་བའི་ཚེས་བཅུ་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་མངོན་གསལ་དང་འགན་འཁུར་བའི་རྣམ་འགྱུར་བཟུང་སྟེ་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་ཀྱི་ཆ་འཕྲིན་ཁྱབ་སྒྲོག་བྱས་པ་དང་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ། ང་ཚོས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དགོས་མཁོ་ཆེ་བའི་རྒྱལ་ཁབ་ལ་ནུས་ཤུགས་གང་ཡོད་སྒོས་རོགས་རམ་དང་རྒྱབ་སྐྱོར་བྱས། བདག་གིས་ཝེ་ནེ་ཙུའེ་ལའི་རིམས་ནད་གནས་ཚུལ་ལ་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད། ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་མྱུར་དུ་རིམས་འགོག་བྱེད་ཐབས་སྤྱད་པ་དང་དེ་ལས་རྒྱལ་ཁབ་རང་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་ཆེན་པོ་འཁུར་བ་གང་ལེགས་སྒོས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་ལ་རིམས་འགོག་དངོས་རྫས་ཀྱི་རོགས་སྐྱོར་ཐེངས་མང་འདོན་སྤྲོད་བྱས་པར་མ་ཟད། ཆུ་ཚད་མཐོ་བའི་སྨན་བཅོས་ཆེད་མཁས་ཚན་ཁག་མངགས། བདག་གིས་མུ་མཐུད་དུ་ཝེ་ནེ་ཙུའེ་ལ་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་པ་དང་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད། ཀྲུང་གོས་ཝེ་ནེ་ཙུའེ་ལ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པ། དམངས་ཚིས་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཝེ་ནེ་ཙུའེ་ལ་མི་དམངས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུང་གོས་མུ་མཐུད་དུ་ཝེ་ནེ་ཙུའེ་ལའི་གནད་དོན་ཐག་གཅོད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཱ་ཏུའུ་ལོ་ཡིས་བཤད་དོན། ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ནས་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་དང་སྒྲུབ་སྟངས་ལ་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་ཐད་ལ་རོགས་སྐྱོར་གང་མང་འདོན་སྤྲོད་བྱས་པར་མ་ཟད་སྨན་བཅོས་ཆེད་མཁས་ཚན་ཁག་མངགས་ཏེ་ཝེ་ནེ་ཙུའེ་ལ་མི་དམངས་དང་མཉམ་དུ་རིམས་ནད་འགོག་སྲུང་བྱས། བདག་གིས་ཝེ་ནེ་ཙུའེ་ལའི་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པར་མ་ཟད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།