ཀྲུང་གོ་བོད་ཀྱི་དྲ་བ།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཉིན་བརྒྱ་རིང་རིན་མེད་དྲ་ཐོག་རྩལ་ནུས་གསོ་སྦྱོང་བྱེད་པའི་བྱ་འགུལ་གྱི་ཇུས་གཞི་བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཉིན་བརྒྱའི་རིན་མེད་དྲ་ཐོག་རྩལ་ནུས་གསོ་སྦྱོང་བྱེད་པའི་བྱ་འགུལ་གྱི་ཇུས་གཞི་པར་འགྲེམས་བྱས ། བྱ་འགུལ་འདི་ནི་ལོ་གསུམ་རིང་ལས་རིགས་རྩལ་ནུས་མཐོར་འདེགས་སུ་གཏོང་བའི་རྒྱུན་མཐུད་ཅན་གྱི་བྱ་འགུལ་ཞིག་ཡིན་ལ། ལས་རིགས་རྩལ་ནུས་མཐོ་རུ་གཏོང་བར་དམིགས་ཚད་མི་འགྱུར་བ་དང་ལས་འགན་ཉུང་འཕྲི་མི་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

རྒྱུས་ལོན་པ་ལྟར་ན། ཇུས་གཞི་འདི་ནི2020ལོའི་ཟླ3པའི་ཟླ་སྨད་ནས་ཟླ6པའི་ཟླ་མཇུག་བར“རིམས་འགོག་རྒྱུན་མཐུད་དང་། རྩལ་ནུས་ལས་ཞུགས། དབུལ་ཐར་རོགས་འདེགས”ཞེས་པ་བྱ་འགུལ་གྱི་བརྗོད་དོན་གཙོ་བོར་བྱས་ཏེ་དྲ་ཐོག་ནས་ཡོངས་ཁྱབ་རང་བཞིན་གྱི་གསོ་སྦྱོང་བྱེད་པའི་བྱ་འགུལ་ཐེངས་ཤིག་རེད། དྲ་ཐོག་ནས་རིན་མེད་ངང་ལས་རིགས་རྩལ་ནུས་གསོ་སྦྱོང་རྒྱ་ཆེར་སྤེལ་ཏེ“ཉིན་བརྒྱའི515”ཡི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས། དྲ་ཐོག་ནས་རྩལ་ནུས་གསོ་སྦྱོང་ལས་སྟེགས50ཡན་གདམ་གསེས་བྱས་ནས་ལས་རིགས100ཡན་ལ་གཞི་གྲངས་ཅན་གྱི་གསོ་སྦྱོང་ཐོན་ཁུངས་ཁྱབ་གདལ་བཏང་སྟེ་དྲ་ཐོག་ནས་དངོས་སུ་ཐོ་འགོད་བྱེད་པའི་མི་ཐེངས་ཁྲི500ཡན་ལ་གསོ་སྦྱོང་བྱེད་དུ་འཇུག་རྒྱུ་རེད།

  གསོ་སྦྱོང་བྱ་ཡུལ་ནང་ཁེ་ལས་ཀྱི་ལས་གནས་ཕྱིར་ལོག་དང་། ལས་གནས་ལ་སྒུག་པའི་ལས་བཟོ་བ། གྲོང་གསེབ་ཀྱི་ལས་ཞུགས་གཞན་སྒྱུར་ངལ་རྩོལ་པ་དང་། ལས་ཤོར་མི་སྣ། མཐོ་སློབ་སློབ་ཐོན་སློབ་མ། “གཉིས་རྗེས་སློབ་མ”། ངལ་རྩོལ་ནུས་ཤུགས་ཞན་པ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིགས་སོ་སོའི་ངལ་རྩོལ་པ་ཚུད་ཡོད།

 ཐེངས་འདིའི་བྱ་འགུལ་ལ་ཇུས་གཞི་ལྟར་སྲིད་གཞུང་སྡེ་ཁག་གིས་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མ་དང་སྒྲིག་འཛུགས་བྱེད་མཁན་གྱི་ཁེ་ལས་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན་པ་རེད། དྲ་ཐོག་གསོ་སྦྱོང་ནང་ཞུགས་ཤིང་གསོ་སྦྱོང་གི་ཚད་ལོན་དཔང་ཡིག་ཐོབ་པའི་སློབ་མར་གཏན་འབེབས་ལྟར་གསོ་སྦྱོང་ཁ་གསབ་མ་དངུལ་སྤྲོད་རྒྱུ་དང་དེར་མཁོ་བའི་མ་དངུལ་ཡོད་ཚད་ལས་རིགས་རྩལ་ནུས་མཐོར་གཏོང་ཀྱི་ཆེད་སྤྱོད་རྩིས་ཐོའི་མ་དངུལ་ནས་བཏང་ཆོག དྲ་ཐོག་གསོ་སྦྱོང་ནང་ཞུགས་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་པོའི་ངལ་རྩོལ་པ་དང་། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ། ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་མི། “གཉིས་རྗེས་སློབ་མ”ཁྲོད་ཀྱི་གྲོང་གསེབ་ཀྱི་སློབ་མ་དང་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་མར་གསོ་སྦྱོང་བྱེད་རིང་འཚོ་བའི་ཁ་གསབ་ངེས་ཅན་སྤྲོད་རྒྱུ་དང་། དེར་མཁོ་བའི་མ་དངུལ་དེ་ལས་ཞུགས་ཁ་གསབ་མ་དངུལ་ནས་བཏང་ཆོག་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།