ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་རིགས་སོ་སོའི་མི་དམངས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་སྲོག་ཤོར་བའི་སྤུན་ཟླ་དག་ལ་མྱ་ངན་ཞུས།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་དར་ཕྱེད་ཙམ་མར་ཕབ་སྟེ་རྒྱལ་ཡོངས་ནས་སྐྱོ་སྡུག་གིས་མྱ་ངན་ཞུས། དུར་མཆོད་དུས་ཆེན་ཏེ་ཟླ་བཞི་བའི་ཚེས་བཞི་ཉིན། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་རིགས་སོ་སོའི་མི་དམངས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་སྲོག་ཤོར་བའི་སྤུན་ཟླ་དག་ལ་མྱ་ངན་ཞུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྒྱལ་ས་པེ་ཅིང་ནས་མྱ་ངན་ཞུ་བའི་མཛད་སྒོར་ཞུགས། 

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་རང་རྒྱལ་དུ་བྱུང་བའི་འགོ་ཚད་ཆེས་མྱུར་ཞིང་ཁྱབ་ཁོངས་ཆེས་ཆེ་ལ། འགོག་བཅོས་ཚོད་འཛིན་གྱི་དཀའ་ཁག་ཆེས་ཆེ་བའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཞིག་རེད། རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་དྲག་པོའི་ཁྲོད། སྨན་བཅོས་མི་སྣ་དང་ལས་བྱེད་པ་དང་ལས་བཟོ་བ། སྡོད་ཁུལ་གྱི་བྱ་བ་བྱེད་མཁན་སྐོར་ཞིག་གིས་གཞུང་དོན་དུ་རང་སྲོག་བློས་བཏང་བ་དང་། མི་མང་བོ་ཞིག་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར། 

ཚེས་བཞི་ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེ་དང་ཞིན་ཧྭ་སྒོ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་དང་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་རྒྱལ་དར་ཕྱེད་ཙམ་མར་ཕབ་པ་དང་། རྒྱལ་ཡོངས་ནས་སྤྱི་བའི་རོལ་རྩེད་བྱ་འགུལ་ཡོད་ཚད་མཚམས་བཞག་སྟེ། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་རིགས་སོ་སོའི་མི་དམངས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་སྲོག་ཤོར་བའི་སྤུན་ཟླ་དག་ལ་མྱ་ངན་ཞུས། 

ཀྲུང་ནན་ཧེ་ཧོད་རིན་ཐང་དུ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་སྲོག་ཤོར་བའི་སྤུན་ཟླ་དག་ལ་མྱ་ངན་ཞུ་ཞེས་པའི་འཕྲེད་བྱང་བཀལ་ཡོད་པ་དང་རྔམ་བརྗིད་གཟབ་ནན་གྱི་རྣམ་པས་ཀུན་ནས་ཁེངས་འདུག ཞི་ཅིན་ཕིང་སོགས་ཀྱིས་མེ་ཏོག་དཀར་པོ་བཏགས་ཏེ་རྒྱལ་དར་ལ་ཁ་གཏད་དེ་ཀྲོང་ངེར་བཞེངས་འདུག 

དུས་ཚོད་བཅུའི་སྟེང་། མཁའ་སྲུང་ཉེན་བརྡ་གྲགས་པ་དང་། ཞི་ཅིན་ཕིང་སོགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་སྲོག་ཤོར་བའི་སྤུན་ཟླ་དག་ལ་མྱ་ངན་ཞུས། 

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་འཐབ་རྩོད་དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་སྔ་ན་མེད་པའི་ཉམས་སད་ཅིག་ཡིན། 

སྐབས་ཐོག་འདིར་ཧུའུ་པེ་དང་ཧུའུ་ཧན། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་མི་རྣམས་ཀྲོང་ངེར་ལངས་ཤིང་མགོ་བོ་དུད་ནས་སྐྱོ་གདུང་སེམས་ཀྱིས་མྱོང་བཞིན་ཡོད། རླངས་འཁོར་དང་མེ་འཁོར། གྲུ་གཟིངས་སོགས་ཀྱིས་དུང་བརྡ་ལྷང་ལྷང་གྲགས་ཏེ། རྒྱལ་ཁབ་ཀྱི་ཆེས་མཐོའི་དུར་མཆོད་ཀྱིས་དཔའ་བོར་མྱ་ངན་ཞུས་པ་དང་། མི་དམངས་ཀྱི་ཆེས་ཟབ་པའི་གདུང་སེམས་ཀྱིས་དཔའ་བོར་སྐྱེལ་མ་ཞུས། 

འདས་པོ་དག་བདེ་བར་གཟིམས་རོགས། དེ་རིང་མ་ཡུམ་མེས་རྒྱལ་སྐྱོ་གདུང་དྲག་པོས་མནར་བ་དང་སྤུན་ཟླ་དུང་ཕྱུར་མང་བོས་མིག་ཆུ་ཆར་དུ་འབབ་བཞིན་ཡོད། 

མཉམ་འབྲེལ་དྲ་རྒྱའི་སྟེང་དང་གྲོགས་པོའི་ཁྱིམ་རར་མི་རྣམས་རང་འགུལ་སྒོས་མྱ་ངན་བྱ་འགུལ་ལ་ཞུགས་ཡོད། རྒྱལ་ཡོངས་ཀྱིས་མྱ་ངན་ཞུ་བ་ནི་འདས་པོའི་བརྩི་འཇོག་ཅིག་ཡིན་པར་མ་ཟད། ཚེ་སྲོག་ལ་གཅེས་སྤྲས་དང་མཐོང་ཆེན་བྱེད་པའང་ཡིན། 

རྔམ་བརྗིད་དང་གཟབ་ནན་གྱི་མཛད་སྒོ་འདིར་མདངས་བརྩེ་ཟབ་པའི་སྤུན་ཟླའི་བརྩེ་བ་བཅོལ་ཡོད་པ་དང་། མདུན་ནས་མདུན་དུ་བསྐྱོད་པའི་བློ་སྤོབས་མངོན་པར་མཚོན་ཡོད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱང་རང་རང་གི་ཉེ་ས་ནས་མྱ་ངན་ཞུ་བའི་བྱ་འགུལ་ལ་ཞུགས། 

རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་སོགས་ཀྱང་རྣམ་པ་མི་འདྲ་བའི་མྱ་ངན་ཞུ་བའི་བྱ་འགུལ་ལ་ཞུགས།

ལོ་ཙཱ་བ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།