ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་དམ་འཛིན་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། འགོག་སྲུང་ཁྲོད་ཀྱི་ཉེན་ཁ་སྣ་ཚོགས་ཞིབ་བཤེར་གཙང་སེལ་བྱེད་པ་དང་། ཉམས་ཞན་སར་དམིགས་ནས་རྒྱལ་མཚམས་བརྒལ་ནས་རིམས་ནད་ནང་དུ་མཆེད་པར་སྔོན་འགོག་བྱེད་པའི་བྱ་བར་ཤུགས་བསྣན་ནས། འཐུས་ཚང་དང་གཅིག་སྡུད་རང་བཞིན་ལྡན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལེགས་པོ་སྤྱོད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་རིམས་ནད་ཀྱི་གནས་ཚུལ་མངོན་གསལ་ཡོངས་བསྒྲགས་བྱས་ཏེ། སྦ་གསང་དང་ཆད་ལྷག་མེད་པའི་སྒོ་ནས་རིམས་ནད་ཀྱི་གནས་ཚུལ་ཡར་ཞུ་བྱེད་དགོས། ཚན་རིག་ལྟར་གནད་ཁེལ་འགོག་བཅོས་ཚོད་འཛིན་བྱེད་པ་དང་མཉམ་དུ་ལས་ཐོན་སླར་གསོ་བྱེད་པའི་བྱ་བ་གོ་རིམ་ཡོད་པ་དང་ནུས་པ་ཡོད་པའི་སྒོ་ནས་རྒྱ་བསྐྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། རང་རྒྱལ་གྱི་སྐམ་སའི་ས་མཚམས་སུ་ཕྱིར་འགྲོ་ནང་ཡོང་གི་འགག་སྒོ་མང་པོ་ཡོད། འཛམ་གླིང་ཡོངས་ཀྱི་རིམས་ནད་ཁྱོན་ཡོངས་དང་མགྱོགས་མྱུར་གྱིས་མཆེད་པར་དམིགས་ཏེ། སྐམ་སའི་རྒྱལ་མཚམས་བརྒྱུད་ནས་རིམས་ནད་ནང་དུ་མཆེད་པའི་བྱ་བར་སྔར་ལས་ཤུགས་སྣོན་དགོས། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་རྒྱབ་སྐྱོར་བྱས་ནས་དགོས་གལ་མེད་པའི་མི་སྣ་རྒྱལ་མཚམས་བརྒལ་ནས་འཁོར་སྐྱོད་བྱེད་པ་ཇེ་ཉུང་དུ་གཏོང་དགོས། རིམས་ནད་དང་འབྲེལ་བའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཚེ་སྔ་བ་བཞིའི་རྩ་དོན་གཞིར་བཟུང་ནས་དུས་ལྟར་ཐག་གཅོད་བྱེད་དགོས། རྒྱལ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་བགྲོད་ལམ་གཙོ་བོ་དང་ལམ་ཕྲན་སོགས་ཀྱི་ལྟ་སྲུང་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། མཐའ་འཁོར་རྒྱལ་ཁབ་དང་མཉམ་དུ་རིམས་ནད་འགོག་སྲུང་ཐད་ནས་མཉམ་ལས་བཟང་བོ་བྱེད་དགོས།

འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞོའེ་ཞང་དང་ཧོང་ཁུན་མེན། ཚེ་ཆི། ཝང་དབྱི། ཞའོ་ཅེ། ཀྲོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།