ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། གསར་བཟོ་ལས་རིགས་ཀྱི་ལས་ཐོན་སླར་གསོ་བྱས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་དོན། མིག་སྔར་རྒྱལ་ཡོངས་སུ་གོ་རིམ་ཡོད་པའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཆ་སྙོམས་ལས་འགོ་བརྩམས་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ལ་སླེབས།

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་བར། རྒྱལ་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཆ་སྙོམས་ལས་འགོ་བརྩམས་ཚད་དང་ལས་གནས་སུ་ཡང་བསྐྱར་ཞུགས་ཚད་སོ་སོར་བརྒྱ་ཆའི་གོ་བརྒྱད་ལྷག་དང་བརྒྱ་ཆའི་གྱ་དགུ་ལྷག་ལ་སླེབས་པ་དང་། དེ་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་དང་བསྡུར་ན་སོ་སོར་བརྒྱ་ཆའི་གྲངས་ཐིག་བཅོ་ལྔ་ལྷག་དང་བརྒྱ་ཆའི་གྲངས་ཐིག་སོ་བརྒྱད་མཐོར་འདེགས་བྱུང་། ཀོང་ཏུང་དང་ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་། ཧྥུའུ་ཅན་སོགས་བཟོ་ལས་ཞིང་ཆེན་ཆེན་པོ་ནས་ཕལ་ཆེར་ཚང་མས་ལས་འགོ་བརྩམས། རྒྱལ་ཁབ་ཀྱིས་ནུས་ལྡན་བྱེད་ཐབས་སྤྱད་དེ་ཁེ་ལས་འབྲིང་ཆུང་གི་དཀའ་ཁག་སེལ་རོགས་བྱས་པ་དང་། རིམས་འགོག་ཁེ་ལས་གཙོ་བོའི་ཆེད་སྤྱོད་དངུལ་བུན་ཁྲག་ཁྲིག་གསུམ་ལས་ཁེ་ལས་སྟོང་ལྔ་ལྷག་ལ་སྒོར་ཁྲག་ཁྲིག་གཉིས་ལྷག་བྱིན།  མིག་སྔར་ཁེ་ལས་འབྲིང་ཆུང་གི་ལས་ཐོན་སླར་གསོ་བྱས་ཚད་བརྒྱ་ཆའི་དོན་དྲུག་ལ་སླེབས་པ་དང་ཟླ་གསུམ་པའི་ནང་ཉིན་རེར་ཆ་སྙོམས་སྒོས་བརྒྱ་ཆའི་གྲངས་ཐིག་གཅིག་ཡས་མས་མཐོར་འདེགས་བྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།