ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁེ་ལས་འབྲིང་ཆུང་གིས་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ་དང་དཀའ་སེལ་འགག་སྒྲོལ་བྱེད་དགོས་པའི་སྐུལ་མ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས29ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་པོ་པེ་ལུན་ཏ་ཆི་རླངས་འཁོར་ལྷུ་ལག་ལུགས་ཆས་གླིང་ཁུལ་དོ་དམ་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་གླིང་ཁུལ་གྱི་དོ་དམ་མི་སྣ་དང་། ཁེ་ལས་ཆུང་འབྲིང་གི་འགན་འཁུར་མི་སྣའི་འཐུས་མི། ཀྲེ་ཅང་དུ་ཕྱིར་ལོག་པའི་ལས་བཟོའི་འཐུས་མི་སོགས་ལ་བྱམས་བརྩེའི་ངང་འཚམ་འདྲི་གནང་། ཞི་ཅིན་ཕིང་གིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད།  ལས་རིགས་དང་ཁེ་ལས་མི་འདྲ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། ང་ཚོས་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་གནས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་ད་དུང་དུས་ཐོག་ཏུ་འཐུས་ཚང་དུ་གཏོང་བ་དང་། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་དེ་བས་མང་པོ་བཏོན་ནས་མགྱོགས་མྱུར་ངང་ཁེ་ལས་ཆུང་འབྲིང་གི་ཐོན་སྐྱེད་སླར་གསོ་བྱེད་རོགས་བྱས་པ་མ་ཟད། འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་གསུངས་པ་རེད། ཚང་མས་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ་དང་དཀའ་སེལ་འགག་སྒྲོལ་བྱས་ཏེ་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་བྱེད་དགོས། །

1.jpg

2.jpg

3.jpg

4.jpg

5.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།