ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུ་གཞུང་དོན་ཐིང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་སྤྱི་ཚོགས་ཚོགས་པའི་དོ་དམ་ལས་དོན་གྱི་གཏན་འབེབས》ཞེས་པ་པར་འགྲེམས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུའི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར་ཀྲུང་དབྱང་དམག་ཨུ་གཞུང་ལས་ཐིང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་སྤྱི་ཚོགས་ཚོགས་པའི་དོ་དམ་ལས་དོན་གྱི་གཏན་འབེབས》ཞེས་པ་པར་འགྲེམས་བྱས་ཤིང་། 2020ལོའི་ཟླ་3པའི་ཚེས24ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

གསར་དུ་བཟོ་བཅོས་བརྒྱབ་པའི《གཏན་འབེབས》ནང་དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་པ་དང་། དཔུང་སྡེ་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བ། ལམ་ལུགས་ཀྱི་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་པ་བཅས་ལ་དམིགས་ནས་དོ་དམ་ཚོད་འཛིན་ནན་མོ་བྱ་རྒྱུ་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། རིགས་དབྱེ་ཚད་ལྡན་དུ་གཏོང་རྒྱུ་མཐའ་འཁྱོངས། འགན་འཁྲི་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་དམག་དཔུང་ཚོགས་པའི་དོ་དམ་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་ཚད་ལྡན་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་སྔར་ལས་ལྷག་པར་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པར་བྱས་ཡོད།

 གསར་དུ་བཟོ་བཅོས་བརྒྱབ་པའི《གཏན་འབེབས》ལ་ཁྱོན་ལེའུ7དང་དོན་ཚན49ཡོད་པ་རེད། བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ་ནི་དམག་དཔུང་གི་མི་སྣ་སོ་སོས་སྤྱི་ཚོགས་ཀྱི་ཚོགས་པ་ནང་ཞུགས་པའི་གཞི་རྩའི་ཆ་རྐྱེན་ཚད་ལྡན་དུ་བཏང་བ་དང་དམག་དཔུང་གི་ལས་ཐོག་མི་སྣས་སྤྱི་ཚོགས་ཚོགས་པའི་ནང་ཞུགས་སྐབས་རང་ཉིད་ཀྱི་ལས་སྒོ་དང་ཐད་ཀར་འབྲེལ་བ་ཡོད་དགོས་པ་དང་། དམག་དཔུང་གི་ལས་ཐོག་ཆེད་ལས་ལག་རྩལ་མི་སྣས་སྤྱི་ཚོགས་ཚོགས་པར་ཞུགས་པ་དང་སྤྱི་ཚོགས་ཚོགས་པའི་འགན་འཁུར་པའི་འགན་གཅིག་ལྕོགས་སུ་འཁུར་བའི་གྲངས་འབོར་ལེགས་སྒྲིག་བྱས་པ་དང་། དམག་དཔུང་ལ་དོ་དམ་བྱེད་པའི་ལས་བྲལ་དང་ལས་འཁྱུར་མི་སྣ་སྤྱི་ཚོགས་ཚོགས་པའི་ནང་ཞུགས་པའི་ལོ་ཚད་ཀྱི་དབྱེ་མཚམས་ཚད་ལྡན་དུ་བཏང་ཞིང་། དམག་དཔུང་མི་སྣས་སྤྱི་ཚོགས་ཚོགས་པའི་ཏང་རྩ་འཛུགས་སུ་ལས་འགན་གཅིག་ལྕོགས་སུ་འཁུར་བའི་གནད་དོན། དམག་དཔུང་སྡེ་ཚན་ཁག་སྤྱི་ཚོགས་ཚོགས་པ་དང་ཚོགས་པའི་བྱེད་སྒོར་ཞུགས་པའི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་བཏང་བ་དང་། དམག་དཔུང་སྡེ་ཁག་གིས་སྤྱི་ཚོགས་ཚོགས་པའི་ནང་ཞུགས་པར་འཛོམ་དགོས་པའི་ཆ་རྐྱེན་དང་ཞུགས་ཆོག་པའི་གྲངས་འབོར་ཇེ་ཞིབ་ཏུ་བཏང་བ། དམག་དཔུང་སྡེ་ཁག་གིས་སྤྱི་ཚོགས་ཚོགས་པའི་བྱེད་སྒོར་ཞུགས་པ་དང་། སྤྱི་ཚོགས་ཚོགས་པའི་བྱེད་སྒོར་སྒྲུབ་འགན་འཁུར་བ། སྤྱི་ཚོགས་ཚོགས་པ་དང་མཉམ་འབྲེལ་སྒོས་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་བ་བཅས་ཀྱི་འབྲེལ་ཡོད་གནད་དོན་ཚད་ལྡན་དུ་བཏང་བ། དམག་དཔུང་གི་མི་སྣ་དང་སྡེ་ཁག་རྣམས་མི་དམངས་ཚོགས་པར་ཞུགས་པ་དང་། ཚོགས་པའི་ནང་ཞུགས་པར་ཐོ་འགོད་བྱེད་མི་དགོས་པའི་བྱེད་ཐབས་འཐུས་ཚང་དུ་བཏང་བ། དམག་དཔུང་གིས་གཙོ་གཉེར་བྱེད་པའི་ཚོགས་པའི་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་བཏང་བ། རིམ་པ་སོ་སོས་སྤྱི་ཚོགས་ཚོགས་པའི་དོ་དམ་བྱ་བར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཚད་ལྡན་དུ་བཏང་བ། གཏན་འབེབས་དང་འགལ་བའི་མི་སྣ་དང་སྡེ་ཁག་གི་འགན་འཁྲི་རྩད་གཅོད་དང་ཐག་གཅོད་བྱེད་ཐབས་ཁ་གསལ་བཟོས་བ། རྩ་འཛུགས་ཀྱི《གཏན་འབེབས་》ལྟར་ཞིབ་མཆན་འགོད་པ་དང་། མི་སྒེར་གྱི《གཏན་འབེབས》ལྟར་ལག་བསྟར་བྱེད་པ། ལས་དོན《གཏན་འབེབས》ལྟར་འཁོར་སྐྱོད་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།