ཁྱིམ་དུ་ད་དུང་ཕྱེ་དང་འབྲས།
འོ་མ་དང་བྱ་སྒོང་སོགས་ལུས་ཡོད་དམ།
ཟླ་བ་གཉིས་ལྷག་གི་རིང་།
མི་མང་པོ་ཞིག་གིས།
རང་ཁྱིམ་གྱི་ཐབ་ཚང་ནང་དུ།
སུན་སྣང་དུ་འགྲོགས་ནས།
ཟས་སྣ་ཚོགས་གཡོས་སྦྱོར་བྱས་ཡོད་སྲིད།
ད་ལྟ།
ཁྱོད་རང་ཕྱི་རུ་ཕེབས་ནས་ཞིམ་ཟས་ཡིད་ཚིམ་པ་ཞིག་བཟའ་ཆོག
ཁྱོད་ཀྱིས་ཉིན་སྒུག་མཚན་སྒུག་བྱས་པའི།
ཟས་ཞིམ་པོ་དག་གྲ་སྒྲིག་བྱས་འདུག
ཁྲུང་ཆིང་།
བྲོ་བ་དེ་ཕྱིར་སླེབས་བྱུང་།
ཡུན་རིང་བྲལ་བའི་ཁྲུང་ཆིང་གི་རྒྱ་ཁོག་ཟ་ཁང་དག་གིས།
ཁྱོད་རང་ཕེབས་པར་སྒུག་འདུག
ཁྲུང་ཆིང་དུ།
གྲོང་མི་རྣམས་ཕྱིའི་ཟ་ཁང་དུ་འགྲོ་བཞིན་ཡོད་པ་དང་།
མི་ཚོགས་ཀྱི་འཁོར་རྒྱུག་རིམ་གྱིས་སླར་གསོ་འབྱུང་བཞིན་འདུག
ཁྲུང་ཆིང་དུ་ཁྱད་ལྡན་རྒྱ་ཁོག་ཟ་ཁང་མང་པོ་ཡོད་ཅིང་།
མཐའ་འཁོར་དུ་སྔོ་ལྗང་རྩི་ཤིང་གིས་བསྐོར་ཡོད།
ཅང་ཤིས།
ཀན་ཀྲོའུ་ས་གནས་ཁག་གི་བཟའ་བཏུང་ལས་རིགས་ཀྱིས།
རིམ་གྱིས་ལས་འགོ་ཚུགས་ཡོད་པ་དང་།
ཀྲང་གུང་ཆུས་ཀྱི་ཡུས་ཝན་ལི་ཞིམ་ཟས་ཁྲོམ་དུ།
སྔོན་ཆད་ཀྱི་འདུ་འཛིའི་རྣམ་པས་ཁེངས་འདུག
སི་ཁྲོན།
ཟླ་3པའི་ཚེས་20ཉིན་གྱི་སྔ་དྲོ།
ཁྲེན་ཏུའུ་རྒྱ་ཁོག་ཟ་ཁང་གིས་ཆེད་དུ་བཟོས་པའི།
“ལོགས་བཀར་རྒྱ་ཁོག”གིས།
མགྲོན་པོ་མང་པོའི་ཡིད་དབང་བཀུག་འདུག
ཞབས་ཞུ་བས་མགྲོན་པོར་ཟས་སྣ་སྐྱེལ་བཞིན་པ།
ཟ་ཁང་ནང་གི་གསོལ་ལྕོག་རེ་རེའི་བར་དུ་རས་ཀྱི་ཡོལ་བས་བཅད་ཡོད།
ཟ་ཁང་ནང་གི་བརྡ་གཏོང་འཕྲུལ་ཆས།
ཧྲང་ཧེ།
ཟླ་3པའི་ཚེས་3ཉིན། ཧྲང་ཧེ་ཡུས་ཡོན་དུ།
དགུ་འཁྱོག་ཟམ་པའི་འགྲམ་གྱི་ཧྲང་ཧེའི་ཟ་ཁང་གྲགས་ཅན།
ལིས་པོ་ཚང་གིས་སྒོ་བསྐྱར་དུ་ཕྱེ་བ།
ཟ་ཁང་དེའི་ལོ་རྒྱུས་རིང་བ་དང་། ཧྲང་ཧེ་ཡི་ཞིམ་ཟས་ས་ཚུགས་གཙོ་བོ་ཞིག་ཡིན།
ཟ་ཁང་མང་པོའི་གསོལ་ལྕོག་སྟེང་དུ།
སྤྱི་བའི་སྐྱོགས་དང་ཐུར་མ་བཞག་ཡོད་པས།
བྱེད་ཐབས་དེར་མགྲོན་པོ་རྣམས་ཀྱི་རྒྱབ་སྐྱོར་ཐོབ་ཡོད།
ཧོ་པེ།
ཞུང་ཨན་རོང་ཁྲེན་རྫོང་དུ།
བཟའ་བཏུང་ལས་རིགས་ཀྱི་ཞབས་ཞུ།
ཁྱོན་ཡོངས་ནས་ལས་འགོ་ཚུགས་འདུག
ཀུའེ་ཀྲོའུ།
གནམ་གཤིས་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས།
ཀུའེ་དབྱང་གྲོང་མི་རྣམས་ཕྱི་རོལ་དུ་ཕྱིན་ནས།
མཛེས་ལྗོངས་དང་ཞིམ་ཟས་ལ་རོལ་བཞིན་ཡོད།
ཧོང་ཐུང་མཁར་གྱི་ཉ་སྲེག་ཟ་ཁང་གི་ཞབས་ཞུ་བས།
ཟ་ཁང་གི་སྒོ་ཕྱེ་བའི་ཉིན་དང་པོར།
སྐྱེས་པ་བཞི་ཡིས་ཉ་གསུམ་བདམས་པ་མ་ཟད།
ད་དུང་སྔོ་ཚལ་ཡང་མང་པོ་བདམས་པས།
ཁྱོན་སྒོར་600ལྷག་རེད་ཅེས་བཤད་འདུག
པེ་ཅིང་།
ཉེ་ཆར། རིམས་འགོག་ཚོད་འཛིན་བྱེད་པའི་དུས་མཚངས་སུ།
པེ་ཅིང་གི་ཚོང་ཁྲོམ་གྱི་ཟ་ཁང་ཁག་གཅིག་གི་སྒོ་ཕྱེ་ཡོད།
ཧྲན་ཞི།
ཞི་ཨན་གྲོང་གི་ཞིམ་ཟས་ཟ་ཁང་དག་གིས་ཚོང་གཉེར་བྱེད་འགོ་བརྩམས་ཡོད།
མིག་སྔའི་བར་ཞི་ཨན་གྱི་ཀྲུང་ཧྭའི་ཚོང་རྟགས་རྙིང་པའི་ཟ་ཁང་25ཙམ་གྱིས་ཚོང་གཉེར་བྱེད་འགོ་བརྩམས་ཡོད།
ཧོ་ནན།
ཟླ་3པའི་ཚེས་19ཉིན།
ཀྲེན་ཀྲོའུ་གྲོང་ཁྱེར་གྱིས།
བཟའ་བཏུང་ལས་རིགས་ཀྱི་ཟ་ཁང་ཞབས་ཞུ།
གོ་རིམ་ལྡན་པའི་ངང་འགོ་ཚུགས་རྒྱུ་ཁྱབ་བསྒྲགས་བྱས་པས།
དེས་ཀྲེན་ཀྲོའུ་ཡི་གྲོང་མི་རྣམས།
ཟ་ཁང་གི་ཞིམ་ཟས་ལ་རོལ་ཐུབ་པ་མཚོན་ཡོད།
ཁྱོད་རང་གནས་སའི་གྲོང་ཁྱེར་དུ་གནས་ཚུལ་ཇི་འདྲ་རེད།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཁྱོད་གནས་སའི་གྲོང་ཁྱེར་གྱི་ད་ལྟའི་གནས་ཚུལ་ཇི་འདྲ་རེད།