ཀྲུང་གོ་བོད་ཀྱི་དྲ་བ།

དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སོ་སོ་སྔར་ལས་ཇེ་མགྱོགས་སུ་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་རིམས་ནད་ཀྱིས་དབུལ་ཐར་འགག་སྒྲོལ་ལ་ཤུགས་རྐྱེན་ཐེབས་ཚད་རིམ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད་ལ། ས་གནས་སོ་སོས་འགོར་འགྱངས་བྱས་པའི་དུས་ཚོད་ཧུར་ཐག་སྒོས་བརྩོན་ལེན་བྱས་ཏེ་གྱོང་གུན་ཁ་གསབ་བྱེད་ཅི་ཐུབ་བྱས་པས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སོ་སོའི་འཕེལ་ཕྱོགས་ཅུང་ཡག་པོ་ཆགས། ཟླ3པའི་ཚེས20ཉིན་བར་ཤར་ནུབ་མཉམ་ལས་གྲོས་མཐུན་གྱི་མ་དངུལ་འཆར་གཞི་ལས་བརྒལ་ཏེ་མ་དངུལ་མང་པོ་དམིགས་སར་འབྱོར་ཡོད་པ་དང་། དབུལ་བོའི་ངལ་རྩོལ་ནུས་ཤུགས་ཕྱི་རུ་གླ་རྒྱག་པར་བསྐྱོད་པ་དང་། དབུལ་སྐྱོར་རྣམ་གྲངས། དབུལ་སྐྱོར་འཁོར་ཁང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་བཅས་ཀྱིས་ལས་འགོ་ཚུགས་པའི་ལས་དོན་སྔར་ལས་ཇེ་མགྱོགས་སུ་ཕྱིན་ཡོད།

ཀོང་ཤིས་དང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། ཀན་སུའུ། ཉིང་ཞ། ཤིན་ཅང་བཅས་ཞིང་ཆེན7གྱིས་དབུལ་སྐྱོར་དམག་འཐབ་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱེད་པའི་ལག་བསྟར་ཇུས་གཞི་བཟོས་པ་དང་། དབུལ་སྐྱོར་དམག་འཐབ་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱེད་པའི་རྫོང52དང་གྲོང་སྡེ1113ཚང་མར་དབུལ་སྐྱོར་ཇུས་གཞི་བཟོས་ཡོད། 2020ལོར་དབུལ་སྐྱོར་དམག་འཐབ་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱེད་པའི་རྫོང52ནསཕྱི་རུ་གླ་རྒྱག་པར་སྐྱོད་མཁན་མི་ཁྲི189.77ཟིན་པས་ན་ནིང་གི་མི་གྲངས་ཀྱི77.61%ཟིན་ཡོད་པ་རེད།

འོད་ཤུགས་དབུལ་སྐྱོར་ཐད་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན22ཀྱི་འོད་ཤུགས་དབུལ་སྐྱོར་གློག་ཁང་གི་གློག་གཏོང་ཡོང་འབབ་སྒོར་དུང་ཕྱུར11.97སླེབས་པ་དང་། སྤྱི་ཕན་ལས་གནས་ཁྲི47.08འདོན་སྤྲོད་བྱས་པས་ངལ་རྩོལ་ནུས་ཤུགས་ཁྲི51.07ལས་ཞུགས་ཐུབ་པ་བྱུང་ཞིང་གླ་ཕོགས་སྒོར་དུང་ཕྱུར4.33སྤྲད་པ་རེད།

  ཟླ3པའི་ཚེས20ཉིན་བར་ཤར་རྒྱུད་ཀྱི་ཞིང་ཆེན9ཡིས་དབུས་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ས་ཁུལ་ལ་ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར240.40བཏང་བ་དེ་ཟླ3པའི་ཚེས6ཉིན་ལས་སྒོར་དུང་ཕྱུར28.33མང་དུ་བཏང་ནས་གྲོས་མཐུན་གྲངས་འབོར་ལེགས་གྲུབ་བྱུང་ཚད105.57%སླེབས་ཡོད། དེ་མིན་འགན་བཏགས་ལས་བྱེད་པ1213འདེམས་གཏོང་བྱས་ཤིང་ལས་གནས་སུ་ཞུགས་མཁན1290ཟིན་པ་དེ་ཟླ3པའི་ཚེས6ཉིན་ལས་མི464ཇེ་མང་དུ་ཕྱིན་ཅིང་ལེགས་གྲུབ་བྱུང་ཚད106.35%ལ་སླེབས་ཡོད། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན22ལ་དབུལ་སྐྱོར་རྣམ་གྲངས་ཁྲི36.92བཀོད་སྒྲིག་བྱས་པ་དང་། རྣམ་གྲངས་ཁྲི19.42ལས་འགོ་ཚུགས་ཟིན་ལ་ལས་འགོ་འཛུགས་ཚད52.59%ཟིན་པ་དེ་ཟླ3པའི་ཚེས6ཉིན་ལས་བརྒྱ་ཆའི20.52མཐོ་རུ་ཕྱིན་ཡོད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།