ཀྲུང་གོ་བོད་ཀྱི་དྲ་བ།

​2019ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་སྒྲིག་གཞིའི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར་ཁྲི318.69ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས23ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2019ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་སྒྲིག་གཞིའི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར་ཁྲི318.69ཟིན་པ་དེ་དུས་མཉམ་དང་བསྡུར་ན8.6%འཕར་སྣོན་བྱུང་ཡོད།

མི་དམངས་དངུལ་ཁང་གིས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2019ལོའི་ལོ་མཇུག་ཏུ། རང་རྒྱལ་གྱི་དངུལ་ཁང་ལས་རིགས་སྒྲིག་གཞིའི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར་ཁྲི290ཟིན་པ་དེ་དུས་མཉམ་དང་བསྡུར་ན8.1%འཕར་སྣོན་བྱུང་ཡོད་པ་དང་། དཔང་འཛིན་ལས་རིགས་སྒྲིག་གཞིའི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར་ཁྲི8.12ཟིན་པ་དེ་དུས་མཉམ་དང་བསྡུར་ན16.6%འཕར་ཡོད་ལ། འགན་བཅོལ་ལས་རིགས་ལས་ཁུངས་ཀྱི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར་ཁྲི20.56ཟིན་པ་དེ་དུས་མཉམ་དང་བསྡུར་ན12.2%འཕར་ཡོད།

དེ་ལས་གཞན།  2019ལོའི་ལོ་མཇུག་ཏུ། རང་རྒྱལ་གྱི་དངུལ་རྩའི་ལས་རིགས་སྒྲིག་གཞིའི་བུ་ལོན་ཟུག་ཚད་སྒོར་དུང་ཕྱུར་ཁྲི289.43ཟིན་པ་དེ་དུས་མཉམ་དང་བསྡུར་ན8.1%འཕར་ཡོད། དེའི་ནང་། དངུལ་ཁང་ལས་རིགས་སྒྲིག་གཞིའི་བུ་ལོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི265.54ཟིན་པ་དེ་དུས་མཉམ་དང་བསྡུར་ན7.7%འཕར་བ་དང་། དཔང་འཛིན་ལས་རིགས་སྒྲིག་གཞིའི་བུ་ལོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི5.81ཟིན་པ་དེ་དུས་མཉམ་དང་བསྡུར་ན20.4%འཕར་བ། འགན་བཅོལ་ལས་རིགས་སྒྲིག་གཞིའི་བུ་ལོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི18.08ཟིན་པ་དེ་དུས་མཉམ་དང་བསྡུར་ན10.8%འཕར་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།