ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གློག་འཕྲིན་བཏང་སྟེ་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་བཙུགས་ནས་ལོ་རེ་ལྔ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས22ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གློག་འཕྲིན་བཏང་སྟེ་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་བཙུགས་ནས་ལོ་རེ་ལྔ་ལོན་པར་རྟེན་འབྲེལ་ཞུས།

རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་དང་ལའོ་ཝུའོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་པིན་ཡང་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འགུལ་སྐྱོད་འཆར་གཞི་གསར་སྐྲུན་བྱེད་པར་མིང་བཀོད་ནས། དུས་རབས་གསར་བའི་ཀྲུང་གོ་དང་ལའོ་ཝུའོ་འབྲེལ་བའི་འཕེལ་རྒྱས་ཐད་ལ་ཁ་ཕྱོགས་བསྟན་པ་དང་ཐབས་ལམ་འཆར་འགོད་བྱས། ཉེ་ལམ་ཏོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ལའོ་ཝུའོ་ཏང་དང་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་དུས་ཐོག་ཏུ་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་ཞུས་པར་མ་ཟད། རོགས་སྐྱོར་མ་དངུལ་དང་དངོས་རྫས་འདོན་སྤྲོད་བྱས་ཤིང་། དེ་ལས་སོ་སྲུང་རོགས་རེས་དང་དཀའ་སྡུག་མཉམ་སེལ་བྱེད་པའི་ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་སྙིང་སྟོབས་མཚོན་པར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་དང་མཉམ་དུ་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་ཞིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཞིང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ཡང་ཐོན་ལས་དོན་ཐད་ལ་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།