ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་མན་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཐད་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་་གློག་འཕྲིན་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་གློག་འཕྲིན་བཏང་སྟེ། ཉེ་སྔོན་འཇར་མན་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཐད་ནས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། འཇར་མན་གྱི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ནན་གྱིས་བསྟན་དོན། ཉེ་སྔོན་འཇར་མན་གྱི་སྲིད་གཞུང་དང་ལས་རིགས་སོ་སོས་ཐབས་ལམ་སྣ་མང་སྤྱད་དེ་ཀྲུང་གོའི་རིམས་ནད་འགོག་སྡོམ་ཐད་འཚམས་འདྲི་དང་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོས་འཇར་མན་གྱིས་རིམས་ནད་འགོག་རྒོལ་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ་ཡིན་ལ། གལ་ཏེ་འཇར་མན་ཕྱོགས་ལ་དགོས་མཁོ་ཡོད་ཚེ། ཀྲུང་གོས་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་འདོད་ཡོད། སྤྱི་ཐུན་འཕྲོད་བསྟེན་གྱི་ཉེན་ཚབས་ནི་མིའི་རིགས་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ཡིན་ལ། མཐུན་སྒྲིལ་མཉམ་ལས་ནི་ཆེས་ནུས་པ་ཡོད་པའི་མཚོན་ཆ་ཡིན་པས། ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཇར་མན་བར་དུ་ཆ་འཕྲིན་དང་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་ལ། རིམས་ནད་འགོག་སྡོམ་དང་ནད་པ་སྐྱོབ་བཅོས། འགོག་སྨན་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ཀྲུང་གོས་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། འཇར་མན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་གོང་འཕེལ་ལ་ཡར་སྐུལ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།