ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དངུལ་བུན་སྒོར་དུང་ཕྱུར2000ལས་མི་ཉུང་བ་བཏང་ནས་དབུལ་སྐྱོར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་ཤས་གོང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་2020ལོའི་དབུལ་སྐྱོར་ལས་དོན་ཚོགས་འདུ་འཚོགས་ནས། 2020ལོར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ས་ཁུལ་དབུལ་པོར་དངུལ་བུན་སྒོར་དུང་ཕྱུར་2000ལས་མི་ཉུང་བ་བཏང་སྟེ། ཆེད་མངགས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་འདི་ལོ་དངུལ་རྩའི་དབུལ་སྐྱོར་གྱི་གཙོ་གནད་ལས་འགན་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། དེའི་ནང་བྱང་བུ་བཀལ་ནས་ལྟ་སྐུལ་སྒྲུབ་གཉེར་གྱི་རྫོང་52ལ་སྲིད་ཇུས་ཐད་ནས་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་། འཐུང་ཆུའི་བདེ་འཇགས། ཐོན་ལས་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་རྗེས་མཐུད་རྒྱབ་སྐྱོར་སོགས་མངོན་གསལ་དོད་པའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་གཙོ་བོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ། གནས་གཏན་འཁེལ་དབུལ་སྐྱོར་གྱི“བྱ་སྤྱོད་ཆེན་པོ་གསུམ”བཅས་གཏིང་ཟབ་སྤེལ་བ། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཧེ་བག་ཅན་གྱི་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ཤར་རྒྱུད་ཀྱི་སྣེ་འདྲེན་ཁེ་ལས་ནུབ་རྒྱུད་དུ་སྐྱོད་པ་དང་ལྷག་པར་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ཏེ། གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་མཛད་སྤྱོད་དབུལ་སྐྱོར་བྱེད་རྒྱུ་ཡིན་པ་ཚུད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།