ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125726635_15844554830731n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་རུ་ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཕ་ཁི་སི་ཐན་ཕྱོགས་ཀྱིས་དུས་ཐོག་ཏུ་རོགས་སྐྱོར་བྱས། དེང་སྐབས་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀ་རིམས་ནད་འགོག་བཅོས་ཀྱི་འགྲན་རྩོད་དང་འཕྲད་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་མྱུར་མཁོའི་རིམས་འགོག་དངོས་རྫས་འདོན་སྤྲོད་པ་དང་། དུས་མཚུངས་སུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་དང་ས་ཁུལ་བར་གྱི་བརྟན་འཇགས་དང་དར་རྒྱས་ཐད་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་ཨར་ཝེ་ཡིས་བཤད་རྒྱུར། ཕ་ཁི་སི་ཐན་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་བར་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཀྲུང་གོ་དང་ལྷན་དུ་རིམས་ནད་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།