ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ་ལྟ་རྟོག་གཉོར་མཁན་མེད་པའི་བྱིས་པར་རོགས་སྐྱོར་སྲུང་སྐྱོབ་བྱེད་པའི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ་ལྟ་རྟོག་གཉོར་མཁན་མེད་པའི་བྱིས་པར་རོགས་སྐྱོར་སྲུང་སྐྱོབ་བྱེད་པའི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོས་ལྟ་རྟོག་གཉོར་མཁན་མེད་པའི་བྱིས་པར་རོགས་སྐྱོར་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་བྱ་བའི་ནང་དོན་གལ་ཆེན་དུ་བཞག་སྟེ་བྱ་བའི་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་འགན་སྲུང་ནུས་པ་ཇེ་ཆེར་གཏོང་དགོས་ལ། ཏན་ཏན་ཏིག་ཏིག་སྒོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྤྱི་ཚོགས་ཀུན་སྤྱོད་ཀྱི་ཚད་མཐའ་དང་བརྒལ་བའི་དོན་རྐྱེན་མི་འབྱུང་བ་འགན་སྲུང་བྱེད་དགོས་ཟེར།

ཇུས་གཞི་ལས་ས་གནས་སོ་སོས་རིགས་བཀར་སྲིད་ཇུས་ལག་བསྟར་བྱས་ཏེ་ལྟ་རྟོག་བདག་གཉོར་བྱེད་ཐབས་དངོས་འབེབས་བྱེད་དགོས། ལྟ་རྟོག་བདག་གཉོར་བྱེད་མཁན་མེད་པའི་བྱིས་པར་སྡེ་དམངས་དང་ཡང་ན་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་གནས་སྐབས་སུ་བདག་གཉོར་བྱེད་དགོས་པ་དང་། དོན་དངོས་སུ་དཀའ་ཁག་ཡོད་ན་རྫོང་རིམ་པའི་དམངས་སྲིད་ལས་ཁུངས་ཀྱིས་གནས་སྐབས་ཀྱི་ལྟ་རྟོག་བདག་གཉོར་འགན་འཁྲི་དང་ལེན་བྱེད་དགོས། ལྟ་རྟོག་བདག་གཉོར་བྱེད་མཁན་མེད་པའི་བྱིས་པར་རིམས་ནད་དང་ཐུག་རེག་བྱས་པའི་ལོ་རྒྱུས་ཡོད་ན་ས་གནས་ཀྱིས་གཏན་འཁེལ་བྱས་པའི་སྨན་བཅོས་སྒྲིག་གཞིའི་ཞིབ་བཤེར་ཚད་ལེན་བྱེད་སར་བཀོད་སྒྲིག་བྱེད་དགོས་པ་དང་། ཏོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པ་དང་ཡང་ན་དོགས་ཡོད་ནད་རྟགས་ཡོད་མཁན་རྣམས་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ལ་བཀོད་སྒྲིག་བྱས་ཏེ་མྱུར་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

ཇུས་གཞི་ལས་རིམས་ནད་འགོག་བཅོས་ཚོད་འཛིན་སྐབས་སུ་དྭ་ཕྲུག་དང་ཡང་ན་བདག་གཉོར་བྱེད་མཁན་མེད་པའི་བྱིས་པའི་གཏན་འཁེལ་ཆ་རྐྱེན་དང་མཐུན་པའི་བྱིས་པ་རྣམས་དུས་ཐོག་ཏུ་འོས་བབ་འགན་སྲུང་ཁྱབ་ཁོངས་སུ་འཇོག་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།