ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སི་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས12ཉིན་གྱི་དགུང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་སི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཐེངས་འདིའི་གློ་ཚད་རིམས་ནད་བྱུང་རྗེས། སྐུ་ཞབས་དྲུང་ཡིག་གིས་ང་ལ་འཕྲིན་ཡིག་བསྐུར་ནས་འཚམས་འདྲི་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་སྔོན་འགོག་ཚོད་འཛིན་ཐད་སྤྱད་པའི་བྱེད་ཐབས་ལ་གདེང་འཇོག་ཆེན་པོ་ཡོད་པ་མ་ཟད། ཐེངས་མང་པོར་སྤྱི་བསྒྲགས་ཀྱིས་གསུང་བཤད་གནང་ནས་ཀྲུང་གོའི་ཧུར་ཐག་གིས་རིམས་ནད་འགོག་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང།  ཀྲུང་གོ་བས“དཀའ་ངལ་ལ་འཕྲད་ཚེས་བརྩེ་བ་ངོ་མ་མཐོང་ཐུབ”ཞེས་གསུངས་པ་ལྟར། ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་རྒྱལ་ནང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་གཞི་མགྱོགས་མྱུར་ངང་སླར་གསོ་བྱུང་བའི་རྣམ་པ་ཐོན་ཡོད།  རྗེས་མར་ང་ཚོས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་མུ་མཐུད་དུ་ དམ་འཛིན་དང་དངོས་འཛིན། ཞིབ་འཛིན་བཅས་བྱེད་རྒྱུ་དང་།  དུས་མཚུངས་སུ་དམ་འཛིན་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སོ་སོ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ལ། སྔོན་བཀོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་ཡང་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པས་ང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུང་།

 ཞིས་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལ་དུས་ཚོད་ཀྱིས་བརྩོན་ལེན་ཐུབ་པར་བྱས་རྗེས་ཆེན་པོ་བཞག་ཡོད། དུས་ཡུན་དེའི་རིང་། རྒྱལ་ཁབ་མང་པོར་རིམས་ནད་བྱུང་བ་དང་གནས་བབ་འདི་ལ་མི་རྣམས་ཀྱིས་སེམས་ཁྲལ་བྱེད་དགོས་པ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམ་འཛིན་བྱས་ཏེ་ནུས་ལྡན་གྱིས་མཉམ་འགོག་མཉམ་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་སྨན་རྫས་དང་རིམས་འགོག་སྨན་ཁབ་མཉམ་འབྲེལ་བྱས་ནས་ཞིབ་འཇུག་གསར་སྤེལ་བྱེད་པ་མ་ཟད་། རིམས་ནད་མཆེད་པའི་རྒྱལ་ཁབ་སོ་སོ་ལ་ནུས་ལྕོགས་ཀྱིས་རོགས་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་སྐུལ་སློང་བྱས་ཏེ་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ཁུངས་ཀྱི་འཇོག་བྱ་མང་དུ་གཏོང་བ། ལྷག་པར་དུ་སྤྱིའི་འཕྲོད་བསྟེན་མ་ལག་ཞན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དོགས་ཟོན་དང་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་རོགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་ཁྱབ་བསྒྲགས་བྱས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཨ་སྒོར་ཁྲི2000ཞལ་འདེབས་བརྒྱབ་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་རྒྱལ་སྤྱིའི་བྱ་སྤྱོད་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུན་ཡིན་ཞེས་གསུང་།

 ཞིས་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་གློ་ཚད་རིམས་ནད་བྱུང་བ་ལས་སླར་ཡང་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཡིན་པ་མཚོན་ཡོད། དཔལ་འབྱོར་འཛམ་གླིང་ཅན་དུ་འགྲོ་བའི་དུས་སྐབས་འདིར། གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་འདི་ལྟ་བུ་ནི་ཆེས་མཐའ་མ་མིན་པ་དང་། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་གནད་དོན་སྣ་ཚོགས་ལ་ད་དུང་ཉམས་ཚོད་གསར་པ་འབྱུང་ངེས་རེད།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་དང་། སོ་སྲུང་རོགས་རེས་བྱས་ཏེ་ལག་གདང་སྦྲེལ་ནས་ཉེན་ཁ་ལ་འགྲན་སློང་ཐུབ་པ་དང་། མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ75འཁོར་བའི་ལོ་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་གོ་སྐབས་སུ་བརྩིས་ནས་ཕྱོགས་མང་རིང་ལུགས་ཀྱི་ཁས་ལེན་བསྐྱར་བསྒྲགས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུང་།

  ཀུ་ཐེ་ལེ་སིས་བཤད་རྒྱུར། ཀྲུང་གོའི་ཐེངས་འདིའི་གློ་ཚད་རིམས་ཀྱི་ནད་དཔེ་ཉུང་དུ་ཕྱིན་པར་ཧ་ཅང་དགའ་པོ་བྱུང་ཡོད་པ་མ་ཟད་རྟེན་འབྲེལ་ཞུས་པ་དང་།  ཆོད་སེམས་བརྟན་པོ་དང་སེམས་ཤུགས་ལ་བརྟེན་ནས་ཀྲུང་གོས་མི་འགྱང་བར་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་པ་མ་ཟད། ད་དུང་དཔལ་འབྱོར་གྱི་སྒྲིག་གཞི་མགྱོགས་མྱུར་ངང་སླར་གསོ་ཐུབ་པ་དང་། དེས་ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་ལ་ཕན་པ་ཡོད་པ་མ་ཟད། འཛམ་གླིང་ལ་ཡང་བྱས་རྗེས་གལ་ཆེན་འཇོག་ཐུབ་པར་ང་ལ་ཡིད་ཆེས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་མིག་སྔར་དཀའ་ངལ་ཡོད་པའི་རྒྱལ་ཁབ་ལ་རིམས་ནད་འགོག་བཅོས་ཐད་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པར་བསྔགས་བརྗོད་བྱེད་རྒྱུ་ཡིན་པ་དང་། སྨན་བཅོས་དངོས་ཟོག་དང་རིམས་འགོག་སྨན་ཁབ་སོགས་རྩ་ཆེའི་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།