ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧོ་ཧྲིན་ཧྲན་སྨན་ཁང་ལ་རྟོག་ཞིབ་མཛད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གནམ་གྲུ་ནས་བབས་མ་ཐག ཆེད་དུ་ཧོ་ཧྲེན་ཧྲན་སྨན་ཁང་དུ་ཕེབས་ནས་སྨན་ཁང་གི་འཛུགས་སྐྲུན་འཁོར་སྐྱོད་དང་། ནད་པ་བསྡུ་བཅོས། སྨན་ལས་མི་སྣའི་འགོག་སྲུང་ཁག་ཐེག ཚན་རིག་ཞིབ་འཇུག་འགག་སྒྲོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད། སྨན་བཅོས་དང་ལེན་བྱེད་བཞིན་པའི་ནད་པར་བྱམས་བརྩེའི་ངང་ལྟ་ཞིབ་གནང་བ་དང་། ཉིན་མཚན་མེད་པར་རིམས་འགོག་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་དང་། སྨན་ལས་མི་སྣར་ཐུགས་ཁུར་དང་འཚམས་འདྲི་གནང་ནས། ཚང་མས་ཡིད་ཆེས་བརྟན་པོས་རིམས་ནད་ལས་རྣམ་པར་རྒྱལ་བའི་སྐུལ་ལྕག་གནང་བ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།