ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཐེངས་འདིའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཐེངས་འདིའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཐེངས་འདིའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་སྟེང་ཞུགས།

 ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་གཞིར་བཟུང་། སྔོན་འགོག་ཚོད་འཛིན་གྱི་ལས་དོན་སོ་སོ་མུ་མཐུད་དུ་དམ་འཛིན་ནན་མོ་དང་ཞིབ་ཕྲ་བྱེད་པ་དང་། རིམས་ནད་ས་ཁོངས་ལས་བརྒལ་ནས་མཆེད་རྒྱུ་སྔོན་འགོག་བྱེད་དགོས། གོ་རིམ་ལྡན་པའི་ལས་འགོ་བསྐྱར་ཚུགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་པ། དངོས་འཛིན་དངོས་སྒྲུབ་ལ་ལྕག་སྐུལ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ལྷག་པར་དུ་ཝུའུ་ཧན་གྱི་རིམས་ནད་མགྱོགས་མྱུར་འཕར་བའི་རྣམ་པར་ཚོད་འཛིན་ཐུབ་པ་ནི་ལས་སླ་པོ་ཞིག་མིན་མོད། འོན་ཀྱང་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བས། འཕེལ་ཕྱོགས་བཟང་པོ་མུ་མཐུད་དུ་རྒྱ་ཆེར་གཏོང་བ་དང་། ཁུལ་དང་རིམ་པ་དབྱེ་ནས་གནད་འཕིགས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ཏེ། རིམས་ནད་བསྐྱར་ལོག་མི་ཡོང་བར་སྔོན་འགོག་བྱེད་དགོས། དེ་དང་ཆབས་ཅིག་ས་ཁོངས་ཕྱིའི་གློ་ཚད་རིམས་ནད་མགྱོགས་མྱུར་ཁྱབ་གདལ་ལས་བྱུང་བའི་འགྲན་སློང་གསར་པར་དམིགས་ཏེ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་རིམས་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་རྒྱལ་སྤྱིའི་མི་སྣ་འགྲོ་འོང་བྱ་རྒྱུར་གོ་རིམ་ལྡན་ཞིང་བདེ་འཇགས་ཀྱི་ཕན་ཐོགས་ཡོད་པ་ཞིག་རེད།  འགག་སྒོ་མདུན་སྤོར་སྐུལ་འདེད་གཏོང་བ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ།  ཀྲུང་གོར་ཡོང་ནས་རྒྱལ་མཚམས་ལས་བྲལ་བའི་མི་སྣར་བདེ་ཐང་ཞིབ་དཔྱད་ཚད་ལེན་བྱེད་པར་མཐུན་སྦྱོར་དང་སྐུལ་འདེད་གཏོང་དགོས། མཁའ་འགྲུལ་ཡོ་བྱད་ཀྱི་དྭངས་གཙང་དུག་སེལ་དང་། འཕྲུལ་འཁོར་འགོག་སྲུང། བདེ་ཐང་སྙན་ཞུ། ལུས་དྲོད་ཞིབ་དཔྱད། འཕུར་སྐྱོད་བྱེད་པའི་ལམ་བར་དུ་སྔོན་འགོག་ཚོད་འཛིན་སོགས་ཡག་པོ་བྱེད་པ། ཁུལ་དང་རིམ་པ། རིགས་དབྱེའི་ཐོག་ནས་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱོད་དགོས། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་གྱི་འགག་སྒོའི་འཕྲོད་བསྟེན་ནད་ཡམས་བརྟག་ཞིབ་དང་སྔོན་འགོག་ཚོད་འཛིན་ལས་དོན་ལག་བསྟར་ནན་མོ་བྱེད་པ། རིམས་ནད་ཕྱིར་གཏོང་ཚོད་འཛིན་ནན་པོ་བྱེད་པ། དུས་མཚུངས་སུ་འཕྲོད་བསྟེན་ནད་ཡམས་བརྟག་ཞིབ་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་ནད་དཔེ་དང་། ནད་གཞི་འདྲ་བའི་ནད་གཞི། འབྲེལ་བ་དམ་ཟབ་བྱེད་མཁན་སོགས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ལ་གཏན་འཁེལ་ནང་བཞིན་ཞིབ་བཤེར་དང་། བརྒྱུད་འདྲེན། སྨན་བཅོས། ལོགས་བཀར།  ལྟ་ཞིབ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་དང་། སྤྱི་ཚོགས་ཀྱི་ཐུགས་ཁུར་ལ་ཤུགས་སྣོན་རྒྱག་དགོས། འབྲེལ་ཡོད་རྒྱལ་ཁབ་ཀྱི་སློབ་གསོའི་སྡེ་ཁག་དང་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་མཁན་མི་སྣ་སོགས་ཕན་ཚུན་འགྲོ་འོང་བྱ་རྒྱུ་གནས་སྐབས་ནར་འགྱངས་སམ་ཡང་ན་ཉུང་དུ་གཏོང་དགོས། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་སྤྱི་དམངས་ཀྱི་རིམས་ནད་སྔོན་འགོག་ལ་མཛུབ་ཁྲིད་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། པེ་ཅིན་སོགས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ཅུང་མང་བའི་འགག་སྒོར་ཁྲིམས་ལྟར་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་རིམས་འགོག་གི་དོ་དམ་ནན་མོ་བྱེད་དགོས།

ཚོགས་འདིའི་ཐོག་བསྟན་དོན། རིམས་ནད་བྱུང་རྗེས། རྒྱལ་ཡོངས་གོང་འོག་ཚང་མས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འབད་འཐབ་བྱས་པ་དང་སྟོབས་དང་ལྡན་པའི་མཉམ་ཤུགས་ཆགས་པར་བྱས་ཡོད། རིམ་པ་སོ་སོའི་ལས་བྱེད་པས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བའི་རེ་བ་ལྟར། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་།  སྔར་ལས་ལྷག་པའི་སྤྱོད་ཚུལ་ལ་བརྟེན་ནས་རང་འགུལ་སྒོས་འགན་འཁྲི་ཁག་ཁུར་བྱེད་དགོས་ལ། སྟོབས་ཤུགས་གཅིག་བསྡུས་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པའི་ཁྲོད་ཀྱི་གནད་དོན་ངོ་མ་ཐག་གཅོད་དགོས་པ་དང་། དོན་དངོས་དམ་འཛིན་བྱེད་པར་སྐུལ་ལྕག་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ངོ་བོ་ལེགས་སྒྱུར་བྱེད་པ། སླ་བཅོས་དང་རང་འགན་གཞན་དཀྲི་བྱེད་པའི་རྣམ་པ་གཏན་འགོག་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ནས་ཕན་འབྲས་ལེགས་པོ་ཐོབ་པར་འགན་སྲུང་བྱེད་དགོས་ཟེར།

 འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཏིང་ཞུའེ་ཞང་དང་། ཧོང་ཁུན་མིང་། ཚའེ་ཆི། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།