ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་བསྟན་དོན། ཚན་ཞིབ་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཟླ3ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཚན་རྩལ་ཞིབ་སྤེལ་འགག་སྒྲོལ་གྱི་འཕེལ་རིམ་གསར་ཤོས་ངོ་སྤྲོད་བྱས་པ་རེད། ཚན་རྩལ་པུའི་སྤྱི་ཚོགས་འཕེལ་རྒྱས་ཚན་རྩལ་སིའི་སི་ཀྲང་ཝུའུ་ཡོན་པིན་གྱིས་ཚན་རྩལ་པུའུ་སོགས་སྡེ་ཚན13ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་ཚན་རྩལ་འགག་སྒྲོལ་ཚོགས་ཆུང་གྲུབ་པ་དང་། མིག་སྔར་ཚན་ཞིབ་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ནས། རིམས་ནད་སྨན་བཅོས་དང་སྔོན་འགོག་ཐུབ་པའི་འཕེལ་ཕྱོགས་གཞི་རྩའི་ཆ་ནས་གྲུབ་ཡོད་ཅེས་བརྗོད་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ཚན་རྩལ་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲེང་ཀྲུང་ཝེ་ཡིས། ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གིས་རིམས་འགོག་སྨན་ཞིབ་སྤེལ་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་ཁག་དང་པོར་སྒྲིག་གཞི8འདེམས་སྒྲུག་དང་ལས་འགན་ཁག་9གཏན་འཁེལ་བྱས་ཡོད། ཚོད་དཔག་བྱས་ན། ཟླ4པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། རིམས་འགོག་སྨན་ཁག་གཅིག་ནད་ཐོག་ཞིབ་འཇུག་གམ་ཡང་ན་འཕྲལ་བསྟུན་བེད་སྤྱོད་ཐུབ་རེ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད

ཚན་རྩལ་པུའི་སྐྱེ་དངོས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སུན་གཡན་རུང་གིས། ཀྲུང་ལུགས་གསོ་རིག་དང་ཀྲུང་ཕྱིའི་གསོ་རིག་ཟུང་འབྲེལ་གྱི་ནད་ཐོག་སྐྱོབ་བཅོས་ལ་ནུས་པ་གལ་ཆེན་ཐོན་ཡོད། “ང་ཚོས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཧུའུ་པེ་ཞིང་ཆེན་ཡོངས་ཀྱིས་ཀྲུང་ལུགས་གསོ་རིག་ལ་བརྟེན་ནས་སྐྱོབ་བཅོས་བྱས་པའི་ནད་པ90%ཡན་ཟིན་པ་དང་། དུས་མཚུངས་ནད་ཐོག་གྲངས་གཞི་ལས་མངོན་པར། ཀྲུང་ཕྱིའི་གསོ་རིག་ཟུང་འབྲེལ་དང་ཀྲུང་ཕྱིའི་སྨན་རྫས་གལ་ཆེ་མཉམ་དུ་འཛིན་པའི་སྨན་བཅོས་ཀྱི་ཕན་འབྲས་དེ་བས་ལེགས་པ་ཡོད་པའི”ངོས་འཛིན་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།