ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་བུད་མེད་སྨན་པ་མཐུན་ཚོགས་ཀྱིས་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་དུ་བཏང་ནས་བཟང་བསྟོད་ངན་སྨད་ཀྱིས“རིམས་ནད”འཐབ་པའི་བུད་མེད་སྨན་པའི་སྙིང་སྟོབས་འཕེལ་བར་བྱེད་དགོས་པའི་གྲོས་གཞི་བཏོན་པ

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས8ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བུད་མེད་སྨན་པའི་མཐུན་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ན་འབད་འཐབ་བྱེད་བཞིན་པའི་བུད་མེད་སྨན་བཅོས་ལས་དོན་པས་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་། དཔའ་ངར་ཆེར་བསྐྱེད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

གྲོས་གཞི་ནང་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། རྒྱ་ཆེའི་བུད་མེད་སྨན་བཅོས་ལས་དོན་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། ཏང་གི་འབོད་སྐུལ་དང་ལེན་ཞུ་བ། སྒྲུབ་འོས་ལས་འགན་ཕྱིར་བཤོལ་མི་བྱེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པ། དུས་ཚོད་དང་མཉམ་དུ་རྒྱུག་འགྲན་བྱེད་པ། ནད་གདོན་དང་འགྲན་པ། སྙིང་རུས་ཆེན་པོས་འབད་འཐབ་བྱེད་པ། ཉིན་མཚན་མེད་པར་འབད་འཐབ་བྱེད་པ་བཅས་ཀྱིས་འཆི་སྐྱོབ་རྨས་གསོ་དང་། སྨན་པ་ཚོའི་བྱམས་སེམས་ལྡན་པའི་སྙིང་སྟོབས་མངོན་པ། ཚེ་སྲོག་ཕངས་མེད་དང་།  རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ཡིན་པའི་དཔའ་མོ་ཞིག་རེད།   རྒྱ་ཆེའི་བུད་མེད་སྨན་བཅོས་ལས་དོན་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས་ཚན་རིག་དང་མཐུན་པའི་འགོག་སྲུང་ཡག་པོ་བྱེད་པ་དང་། ལུས་སེམས་བདེ་ཐང་རྒྱུན་འཁྱོངས་བྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བདེ་ཐང་གི་གཟུགས་པོར་བརྟེན་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་འཐབ་རྩོད་ནང་རྒྱུན་མཐུད་ངང་ཞུགས་པ་དང་། ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱེད་པ། བསྡུ་བཅོས་བྱེད་ཚད་དང་སྨན་བཅོས་བྱས་ནས་དྲག་ཚད་མཐོ་རུ་གཏོང་བ། འགོས་ནད་ཕོག་ཚད་དང་རིམས་ནད་ཀྱིས་ཤི་ཚད་དམའ་རུ་གཏོང་བའི་ཁྲོད་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དགོས། ཝུའུ་ཧན་སྲུང་སྐྱོང་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།

 གྲོས་གཞི་ནང་བསྟན་དོན། རྒྱ་ཆེའི་བུད་མེད་མིང་སྲིང་གི་མ་ཁྱིམ་ཡིན་པའི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོ་ན་ཡོད་པའི་བུད་མེད་སྨན་བཅོས་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོའི་སྨན་བཅོས་མི་སྣའི་ཁྱིམ་ཚང་ལ་སྙིང་ཉེ་བའི་འགན་ལེན་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། ཕུལ་བྱུང་དཔེ་མཚོན་ལ་གཟེངས་བསྟོད་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་སྨན་བཅོས་ལ་བརྩི་འཇོག་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པར་སྐུལ་འདེད་གཏོང་བ། སྨན་བཅོས་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བཅས་བྱེད་དགོས། ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།