ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཞིབ་བཤེར་ཆོག་འགོད་ཁུ་བསྡུ་དང་ཞབས་ཞུ་ལེགས་སྒྱུར་བྱས་ཏེ་གནད་ཕིགས་བརྟན་བརླིང་སྒོས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཞིབ་བཤེར་ཆོག་འགོད་ཁུ་བསྡུ་དང་ཞབས་ཞུ་ལེགས་སྒྱུར་བྱས་ཏེ་གནད་ཕིགས་བརྟན་བརླིང་སྒོས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། དབང་གཏོང་དོ་དམ་དང་ཞབས་ཕྱི་ལེགས་སྒྱུར་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ལུགས་མཐུན་མིན་པའི་ཞིབ་བཤེར་ཆོག་འགོད་མེད་པར་བཟོས་ནས། སྟབས་བདེ་ཞབས་ཕྱི་འདོན་སྤྲོད་བྱེད་པ་དང་གནད་ཕིགས་བརྟན་བརླིང་སྒོས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་ཕྱོགས་ལྔའི་སྲིད་ཇུས་དང་བྱེད་ཐབས་བཏོན། གཅིག ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཞབས་ཞུའི་རྣམ་པ་ལེགས་སྒྱུར་བྱེད་དགོས། གཉིས། ཤུགས་ཆེན་པོས་སྲིད་དོན་ཞབས་ཞུ་དྲ་ངོས་སུ་སྒྲུབ་རྒྱུ་ལག་བསྟར་བྱེད་དགོས། གསུམ། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁེ་ལས་ཀྱི་ཞབས་ཞུའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། བཞི། དུས་ཐོག་ཏུ་ལུགས་མཐུན་མིན་པའི་དངོས་རྫས་འཁོར་རྒྱུག་དོ་དམ་ཚོད་འཛིན་བྱེད་ཐབས་ཡོ་བསྲང་བྱེད་དགོས། ལྔ། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁེ་ལས་ཀྱི་རིམས་ནད་འགོག་བཅོས་བྱ་བའི་ལྟ་སྐུལ་དོ་དམ་ཞབས་ཞུ་ལ་ཤུགས་སྣོན་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།