ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་འཕྲིན་པུའུ་ཡིས་ཁེ་ལས་འབྲིང་ཆུང་གི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ལ་དམིགས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཀྲང་ཞིན་ཞིན།   སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གསར་འགོད་པས་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། བཟོ་འཕྲིན་པུའུ་ཡིས་ཁེ་ལས་འབྲིང་ཆུང་ལ་རིགས་དབྱེའི་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བྱེད་ཐབས་ནུས་ལྡན་སྤྱད་དེ་སྔར་ལས་ལྷག་པར་ཁེ་ལས་འབྲིང་ཆུང་རྣམས་ལས་འགོ་བསྐྱར་ཚུགས་བྱེད་པར་སྐུལ་འདེད་བཏང་ནས་ཐོན་སྐྱེད་གཉེར་སྐྱོང་བརྟན་པོ་ཡོང་བ་བྱ་རྒྱུ་རེད།

བཟོ་འཕྲིན་པུའུ་ཡིས་ས་གནས་དང་ཁེ་ལས་ཀྱི་གནས་ཚུལ་དང་དེ་མིན་སྤྲིན་ཚོགས་ལས་སྟེགས་ཀྱི་གཞི་གྲངས་ཆེན་པོ་སོགས་ཀྱི་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར་གཞིགས་ན། ཟླ3པའི་ཚེས2ཉིན་ཁེ་ལས་འབྲིང་ཆུང་གི་ལས་འགོ་བསྐྱར་ཚུགས་བྱེད་ཚད45%ཙམ་ཟིན་པ་དང་སྤྱིའི་ཆ་ནས་བརྟན་བརླིང་ངང་མཐོ་རུ་ཕྱིན་ཡོད་པ་རེད། འོན་ཀྱང་ཁེ་ལས་འབྲིང་ཆུང་མི་ཉུང་བ་ཞིག་གིས་ད་དུང་ལས་ཀ་སླར་གསོ་བྱས་མེད་པ་དང་། ལས་ཀ་སླར་གསོ་བྱས་ཟིན་པའི་ཁེ་ལས་འབྲིང་ཆུང་ཁག་གཅིག་ལ“ལས་ཀ་སླར་གསོ་བྱས་ཀྱང་ཐོན་སྐྱེད་སླར་གསོ་བྱེད་དཀའ་བའི”གནད་དོན་ཡང་གནས་ཡོད་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།