ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་གསར་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་གསར་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་ཉིས་སྟོང་ཉེར་ལྔ་ལོའི་བར་དུ་ཁོར་ཡུག་བཅོས་སྐྱོང་བྱེད་པའི་འགོ་ཁྲིད་འགན་འཁྲིའི་མ་ལག་དང་ཁེ་ལས་འགན་འཁྲིའི་མ་ལག དམངས་ཡོངས་ཀྱི་འགུལ་སྐྱོད་མ་ལག ལྟ་སྐུལ་དོ་དམ་མ་ལག ཚོང་རའི་མ་ལག ཡིད་རྟོན་མ་ལག བཅའ་ཁྲིམས་ཁྲིམས་སྲོལ་སྲིད་ཇུས་མ་ལག་བཅས་བཙུགས་ཏེ། རིགས་སོ་སོའི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ཚོང་རའི་གཙོ་གཞི་དང་མང་ཚོགས་ཞུགས་པའི་བརྩོན་སེམས་ཇེ་དྲག་ཏུ་བཏང་ནས། ཁྲིད་ཕྱོགས་གསལ་ཞིང་ཐབས་ཇུས་ཚན་རིག་དང་མཐུན་པ་དང་། ལག་བསྟར་ནུས་པ་ལྡན་པ། ཕན་ནུས་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་དེའི་ཁྲོད་དུ་ཞུགས་པ། འཁོར་སྐྱོད་བཟང་བོ་བྱེད་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་ཆགས་པར་བྱེད་དགོས་པའི་རེ་བ་བཏོན་ཡོད།

བསམ་འཆར་ལས་ད་དུང་ཁོར་ཡུག་བཅོས་སྐྱོང་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ལ་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།