ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ་ཝུ་ར་ཀུའེ་ཡི་ཙུང་ཐུང་གི་དབང་ཆ་སྤྲོད་ལེན་མཛད་སྒོར་ཞུགས་པར་མ་ཟད་ཝུ་ར་ཀུའེ་ཡི་གསར་བསྐོས་ཙུང་ཐུང་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་ཝུ་ར་ཀུའེ་ཡི་རྒྱལ་ས་མིན་ཏི་ཝེ་ཏི་ཡ་ནས་བསྡུས་པའི་ཝུ་ར་ཀུའེ་ཡི་ཙུང་ཐུང་གི་དབང་ཆ་སྤྲོད་ལེན་མཛད་སྒོར་ཞུགས་པར་མ་ཟད་ཚེས་གཉིས་ཉིན་ཝུ་ར་ཀུའེ་ཡི་གསར་བསྐོས་ཙུང་ཐུང་ལ་ཁ་ལེ་ལ་ཐུག་འཕྲད་བྱས།

ལིས་ཀན་ཅེ་ཡིས་ལ་ཁ་ལེ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷག་བསམ་རྣམ་དག་སྒོས་རྟེན་འབྲེལ་དང་སྨོན་འདུན་ཞུ་བ་བརྒྱུད་སྒྲོག་བྱས་པར་མ་ཟད། ཀྲུའུ་ཞི་ཅིན་ཕིང་གི་མིང་བཀོད་ཡི་གེ་གནང་། ལིས་ཀན་ཅེ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཝུ་ར་ཀུའེ་གཉིས་ནི་ཕན་ཚུན་ལ་ཡིད་རྟོན་རུང་བའི་གྲོགས་པོ་བཟང་བོ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཝུ་ར་ཀུའེ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལ་ཁ་ལེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངག་ཕོ་ཉ་མངགས་ཏེ་ཝུ་ར་ཀུའེ་ཡི་ཙུང་ཐུང་གི་དབང་ཆ་སྤྲོད་ལེན་མཛད་སྒོར་ཞུགས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད་ལིས་ཀན་ཅེ་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་གནང་། ལ་ཁ་ལེ་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཝུ་ར་ཀུའེ་རྒྱལ་ཁབ་ཀྱི་ཉོ་ཚོང་གྲོགས་པོ་བཟང་བོ་ཡིན་པ་དང་། ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཝུ་ར་ཀུའེ་ཡི་ཕྱི་འབྲེལ་ཁ་ཕྱོགས་གཙོ་བོ་ཡིན། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ལ་འཚམས་འདྲི་ཞུ་བ་དང་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་ཐད་ནས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།