ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཁེ་ལས་ཀྱི་ཁོངས་གཏོགས་ཡན་ལག་ཁེ་ལས་ཁྲི4.8ཡི་ལས་ཀ་སླར་གསོ་བྱེད་ཚད91.7%ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས1ཉིན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་ཁེ་ལས་ཚོགས་པ96ཡི་རིམ་པ་དང་དེའི་ཁོངས་གཏོགས་ཡན་ལག་ཁེ་ལས་དོ་དམ་སྤྱི་ཁྱབ་པུའུ(ཧུའུ་པེ་ས་ཁུལ་གྱི་ཁེ་ལས་ཚུད་པ)སོགས་བདག་གཉེར་བཀོད་འདོམས་མ་ལག་ཚང་མ་ཟླ2པའི་ཚེས3ཉིན་གྱི་སྔོན་ལ་རྒྱུན་ལྡན་གྱིས་འཁོར་སྐྱོད་ཐུབ་པ་དང་། རིམ་པ་སོ་སོའི་ཡན་ལག་ཁེ་ལས་བསྐྱར་དུ་ལས་འགོ་ཚུགས་པ་དང་བསྐྱར་དུ་ཐོན་སྐྱེད་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། ཟླ2པའི་ཚེས26ཉིན་བར། ཀྲུང་དབྱང་ཁེ་ལས་ཁོངས་གཏོགས་ཀྱི་ཡན་ལག་ཁེ་ལས་ཁྲི4.8ཡི་ལས་འགོ་བསྐྱར་ཚུགས་བྱེད་ཚད91.7%ཟིན་པ་དང་། བླང་བྱ་ལྟར་ལས་འགོ་བསྐྱར་ཚུགས་བྱ་རྒྱུ་ནར་འགྱངས་བྱས་པའི་ཁེ་ལས་འཐེན་རྗེས་ལས་འགོ་བསྐྱར་ཚུགས་བྱེད་ཚད97.9%ཟིན་ཡོད་པ་རེད།

མི་སྣའི་བདེ་ཐང་ལ་ཁག་ཐེག་དང་འགོག་སྲུང་དམིགས་སར་འབྱོར་རྒྱུ་ནི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་ཁེ་ལས་སོ་སོས་ཡན་ལག་ཁུལ་དང་། ལས་རིགས། རིགས་དབྱེ། རྣམ་གྲངས་བཅས་ཀྱི་ལས་གཞིའི་རྩ་དོན་གཞིར་བཟུང་། ཕྱོགས་ཡོངས་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཇུས་གཞི་ཞིབ་ཕྲ་བཟོས་ནས་ལས་འགོ་བསྐྱར་ཚུགས་ཀྱི་དུས་མཚམས་ཅན་དང་། ཁྱད་པར་ཅན། གནད་འཕིགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་གཙོ་གནད་ལས་རིགས་དང་། གཙོ་གནད་ཁེ་ལས། གཙོ་གནད་ཐོན་རྫས་བཅས་སྔོན་ལ་ལས་འགོ་བསྐྱར་ཚུགས་ཐུབ་པའི་འགན་ལེན་བྱས་པ་རེད། དུས་མཚུངས་སུ་ཧུར་ཐག་གིས་བྱེད་ཐབས་སྤྱད་དེ་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས།

 དེ་དང་ཆབས་ཅིག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གཙོ་ཤུགས་དམག་ཡིན་པའི་ཀྲུང་དབྱང་ཁེ་ལས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཕྱི་རྒྱལ་གྱི་རྣམ་གྲངས་བརྟན་པོའི་ངང་འཁོར་སྐྱོད་འགན་ལེན་བྱེད་པ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་ཁ་ཆད་ལྟར། སྤུས་འབོར་གཉིས་ལྡན་ངང་ཚོང་ཟོག་མངག་ཐོ་ལེགས་སྒྲུབ་བྱེད་པ། འཛམ་གླིང་ལ་ཀྲུང་གོའི་ཁེ་ལས་ཀྱིས་ཁ་ཆད་ལག་བསྟར་བྱེད་པའི་ཆོད་སེམས་དང་དངོས་ཤུགས་བརྒྱུད་སྤྲོད་བཅས་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།