ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་སྔ་གཞུག་ཏུ་གནམ་གྲུ་ཐེངས10བཏང་ནས་ཀྲུང་གོའི་སྤྱི་དམངས1314ཚུར་བླངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཟླ3པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཕྱི་འབྲེལ་པུའི་གཞུང་ཚབ་སིའི་སི་ཀྲང་ཚུའེ་ཨའེ་མིང་གིས་རིམས་ནད་ཐོན་པ་ནས་བཟུང་། ཕྱི་འབྲེལ་པུའུ་དང་ཀྲུང་གོའི་ཕྱིར་སྡོད་གཞུང་ཚབ་ཁང་གིས་ལས་དོན་ཚང་མ་ནན་ཏན་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས། ཕྱིར་སྡོད་གཞུང་ཚབ་ཁང་གི་གཞུང་ཚབ་དོན་གཅོད་ཞབས་ཞུའི་ལས་ཀ་རྒྱུན་ལྡན་དུ་སྤེལ་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།  ཁོས་བཤད་རྒྱུར། རིམས་ནད་ཐོན་པ་ནས་བཟུང་། རྒྱལ་ནང་གི་འབྲེལ་ཡོད་མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་བྱས་ནས་སྔ་གཞུག་ཏུ་གནམ་གྲུ་ཐེངས10རྒྱལ་ཁབ་མང་པོར་བཏང་སྟེ་ཀྲུང་གོའི་སྤྱི་དམངས1314ཕྱིར་རང་རྒྱལ་དུ་བླངས་པ་རེད། དེ་དང་ཆབས་ཅིག་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ལ་ཧུར་ཐག་གིས་གཞོགས་འདེགས་བྱས་ཏེ་འཇར་པན་ནས་རྡོ་རྗེ་ཕ་ལམ་སྲས་མོ་རྟགས་ཅན་གྱི་ཤང་ཀང་དང་ཨའོ་མོན་དམིགས་བསལ་ཁུལ་གྱི་གྲོང་མི200ཙམ་ཚུར་བླངས་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།