ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ཧུའུ་པེ་རུ་རོགས་སྐྱོར་བྱེད་པའི་སྨན་ལས་མི་སྣས་གཡུལ་ས་རུ་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་ཞེས་བཤད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གིས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། ཟླ3པའི་ཚེས1ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་རྩ་འཛུགས་བྱས་ཏེ་ཧུའུ་པེ་རུ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་འཐུས་མི340ལྷག་ལ་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། སྔར་ལས་ལྷག་པར་ཧུའུ་པེ་རུ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་སྨན་ལས་མི་སྣས་ནུས་བ་གལ་ཆེལ་འདོན་སྤེལ་བྱས་ཏེ་ཝུའུ་ཧན་གྱི་སྲུང་སྐྱོང་དམག་འཐབ་དང་ཧུའུ་པེའི་སྲུང་སྐྱོང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཞེས་ནན་བཤད་བྱས་པ་རེད།

 རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར6དང་དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་དེ་མིན་ཀྲུང་ལུགས་སྨན་བཅོས་རུ་ཁག་དང་རོགས་སྐྱོར་ལ་དང་ལེན་བྱེད་པའི་སྨན་ཁང་གི་འཐུས་མིས་སྐྱོབ་བཅོས་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སུན་ཁྲུན་ལན་གྱིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་འཐབ་ཕྱོགས་དང་པོ་ན་ཡོད་པའི་སྨན་ལས་མི་སྣ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྨན་བཅོས་རུ་ཁག་གིས་བྱས་རྗེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་། ཁོང་གིས་ཏང་ཀྲུང་དབྱང་གིས་ཧུའུ་པེའི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་དང་། རྒྱལ་ཡོངས་ས་གནས་ཁག་གིས་བཀའ་ཐོས་མ་ཐག་ལག་བསྟར་བྱས་པ་དང་མགྱོགས་མྱུར་ངང་དང་ལེན་བྱས་པ། རྒྱ་ཆེའི་སྨན་ལས་མི་སྣས་འཚང་ཁ་ཤིག་ཤིག་ངང་མིང་ཐོ་འགོད་པ་དང་བློ་ཁོག་ཆེན་པོས་བསྐྱོད་པ། དུས་ཐུང་ནང་སྨན་ལས་མི་སྣ་ཁྲི4ལྷག་ཙམ་ཧུའུ་པེར་རོགས་སྐྱོར་བྱས་པ་བཅས་ལས་ང་ཚོའི་ལམ་ལུགས་ཀྱི་ལེགས་ཆ་མངོན་པ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཀྲུང་གོའི་བྱེད་ཐབས་འཚོལ་ཞིབ་ལེགས་འགྲུབ་བྱུང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་གང་ལེགས་ཐོབ། 

 ཉིན་དེའི་སྔ་དྲོར་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ཧུའེ་ཁོའུ་ཆུས་སྤྱི་ཚོགས་ཕན་བདེ་གླིང་དང་ཝུའུ་ཧན་བུད་མེད་བཙོན་ཁང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་ཞིབ་བྱེད་དུ་སོང་བ་མ་ཟད། མི་སྣ་འདུ་འཛོམས་ཆེ་བའི་དམིགས་བསལ་གནས་ཡུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཟུར་འཇོག་དང་སྐྱོབ་བཅོས་སོགས་ཀྱི་བྱ་ཐབས་ཁག་ཞིབ་ཚགས་དང་གནད་སྨིན་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།