ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་དམངས་སྲིད་ཞབས་ཞུའི་ལས་ཁུངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་དམངས་སྲིད་ཞབས་ཞུའི་ལས་ཁུངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། རྒན་གསོ་ལས་ཁུངས་དང་བྱིས་པའི་ཕན་བདེ་ལས་ཁུངས་སོགས་ཀྱི་དམངས་སྲིད་ཞབས་ཞུ་ལས་ཁུངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་དང་ཞབས་ཞུ་འགན་སྲུང་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས།

བརྡ་ཐོའི་ནང་བསྟན་དོན། དམངས་སྲིད་ཞབས་ཞུ་ལས་ཁུངས་སུ་གཅིག་སྡུད་རང་བཞིན་གྱི་རིམས་ནད་འགོ་བ་གཏན་སྲུང་བྱེད་དགོས། གཅིག ཕྱིར་འགྲོ་ནང་ཡོང་གི་དོ་དམ་ལ་ཤུགས་སྣོན་དགོས། གཉིས། མི་སྣ་བཀོད་སྒྲིག་བྱེད་པར་ཤུགས་སྣོན་དགོས། གསུམ། དངོས་རྫས་འགན་སྲུང་བྱེད་པར་ཤུགས་སྣོན་དགོས། བཞི། འགོག་སྲུང་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།

བརྡ་ཐོ་ལས་ས་གནས་སོ་སོས་རང་ས་ཆའི་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ཏེ། དམངས་སྲིད་ཞབས་ཞུ་ལས་ཁུངས་ཀྱི་རིམས་ནད་ཞིབ་བཤེར་དང་ལོགས་སུ་དགར་བ། གཅིག་སྡུད་སྒོས་མྱུར་སྐྱོབ་བྱེད་པ། དངོས་རྫས་འགན་སྲུང་བྱེད་པ་སོགས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་གནད་ཆེ་སར་བཞག་ནས། དམངས་སྲིད་ཞབས་ཞུ་སྒྲུབ་ཡུལ་གྱི་འཚོ་བ་དང་བདེ་ཐང་འགན་སྲུང་བཟང་བོ་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།