ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ་རིམས་ནད་འགོག་བཅོས་འཐབ་ཕྱོགས་དང་པོ་རུ་ཏང་ཡོན་འཕེལ་རྒྱས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལྟར། ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རིམས་ནད་འགོག་བཅོས་འཐབ་ཕྱོགས་དང་པོ་རུ་ཏང་ཡོན་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རིམས་ནད་འགོག་རྒོལ་ལས་རྣམ་པ་རྒྱལ་བའི་བྱ་བ་གཙོ་བོ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། འཐབ་ཕྱོགས་དང་པོའི་མི་སྣས་ཡིད་ཆེས་ཆེར་བསྐྱེད་དང་ཞུམ་པ་མེད་པར་འཐབ་རྩོད་བྱེད་པ་དང་། སྤྲོ་སེམས་ཀྱིས་ངང་ནས་རིམས་ནད་འགོག་རྒོལ་འཐབ་རྩོད་ཁྲོད་ཞུགས་པར་སྐུལ་མ་གཏོང་དགོས། ཚད་གཞི་རྒྱུན་འཁྱོངས་དང་སྤུས་ཚད་ཁག་ཐེག་བྱེད་པ་དང་དུས་ཐོག་ཏུ་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་པའི་སྨན་བཅོས་མི་སྣ་དང་སྤྱི་བདེ་ཉེན་རྟོག་པ། གཞིས་ཁུལ་བྱ་བ་སྒྲུབ་མཁན། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཀྱི་སྔོན་ཐོན་མི་སྣ་ཏང་ནང་དུ་ཞུགས་སུ་འཇུག་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།