ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2པའི་ཚེས19ཉིན་རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་ན་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ74576ཡོད་པ་དང་ཚེ་འདས་ནད་པ2118ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས19ཉིན་གྱི་ཆུ་ཚོད0ནས24ཡི་རིང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ394ཡིས་མང་དུ་ཕྱིན་པ་དང་། ཚེ་འདས་ནད་པ114(ཧུའུ་པའེ་རུ108དང་། ཧི་པའེ། ཧྲང་ཧེ། ཧྥུའུ་ཅན། ཧྲན་ཏུང་། ཡུན་ནན། ཧྲན་ཞིས་བཅས་སུ1རེ་ཡོད།) ཡིས་མང་དུ་ཕྱིན་ཡོད། དོགས་ཡོད་ནད་རྟགས་ཡོད་པའི་ནད་པ1277གྱིས་མང་དུ་ཕྱིན་ཡོད། ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1779ཡིས་མང་དུ་ཕྱིན་ཡོད་པ་དང་། འབྲེལ་འདྲིས་ཡོད་མཁན་མི25318ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག  ནད་པ་ལྕི་མོ113གྱིས་ཉུང་དུ་ཕྱིན་ཡོད་པ་རེད། 

ཟླ2པའི་ཚེས19ཉིན་གྱི་ཆུ་ཚོད24ཡི་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ56303(དེའི་ནང་ནད་པ་ལྕི་མོ11864)ཡོད་པ་དང་། བསྡོམས་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ16155ཡོད་ལ།  ཚེ་འདས་ནད་པ2118ཡོད། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ74576ཡོད། (ཅང་ཞི་དང་ཧུའུ་ནན། ཡུན་ནན་ཞིང་ཆེན་བཅས་སུ་ནད་པ1རེ་ཡིས་མྱུང་དུ་ཕྱིན།) ད་ལྟ་དོགས་ཡོད་ནད་རྟགས་ཐག་བཅད་པའི་ནད་པ4922བཅས་ཡོད་པ་དང་། བསྡོམས་པས་འབྲེལ་འདྲིས་ཡོད་པའི་མི589163གྱི་རྗེས་འདེད་ཐུབ་ཡོད་པ་མ་ཟད། ད་དུང་འབྲེལ་འདྲིས་ཡོད་པའི་མི126363ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད། 

ཧུའུ་པའེ་རུ་ནད་རྟགས་ཐག་བཅད་པའི་ནད་པ349(ཝུའུ་ཧན་དུ615ཡིས་མང་དུ་ཕྱིན་པ་དང་། ཞན་ཐའོ་སོགས་གྲོང་ཁྱེར4རུ་ནད་པ13གྱིས་མང་དུ་ཕྱིན། ཅིན་མན།   ཞན་ཉིང་སོགས་གྲོང་ཁྱེར་དང་ཁུལ་10ཡི་ནད་རྟགས་ཐག་བཅད་པའི་ནད་པའི་ཁྲོད་དེ་སྔའི“ནད་རྟགས་ཐག་བཅད་དེ་སྨན་བཅོས་བྱས་པའི་ཁྲོད་ཀྱི་ནད་པའི”རིགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་དེ་སྲིབས་གཤིས་ཡིན་པའི་ནད་རྟགས་ཐག་བཅད་པའི་ནད་པའི་ཁྲོད་ནས་ཇེ་ཉུང་དུ་ཕྱིན་པ་དང་། བསྡོམས་པས279ཡིས་ཉུང་དུ་ཕྱིན།) ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1209(ཝུའུ་ཧན་དུ553)ཡིས་མང་དུ་ཕྱིན་ཡོད་ལ། ཚེ་འདས་ནད་པ108(ཝུའུ་ཧན་དུ88)གྱིས་མང་དུ་ཕྱིན་ཡོད། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ49665(ཝུའུ་ཧན་དུ37994)ཡིས་མང་དུ་ཕྱིན་ཡོད། དེའི་ནང་ནད་པ་ལྕི་མོ11178(ཝུའུ་ཧན་དུ9689)གྱིས་མང་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ10337(ཝུའུ་ཧན་དུ5448ཡོད་པ་དང་། ཚེ་འདས་ནད་པ2029(ཝུའུ་ཧན་དུ1585)ཡོད། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ62031(ཝུའུ་ཧན་དུ45027)ཡོད། དོགས་ཡོད་ནད་རྟགས་ཡོད་པའི་ནད་པ880(ཝུའུ་ཧན་དུ483)གིས་མང་དུ་ཕྱིན་ཡོད། ད་ལྟ་དོགས་ཡོད་ནད་རྟགས་ཡོད་པའི་ནད་པ3456(ཝུའུ་ཧན་དུ1940)བཅས་ཡོད། 

བསྡོམས་རྩིས་བྱས་པ་ལྟར་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་རྟགས་ཐག་བཅད་པའི་ནད་པ99ཡོད་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ65(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ5ཡོད་པ་དང་། ཚེ་འདས་ནད་པ2)ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ10ཡོད་ལ། (ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ6ཡོད།) ཐའེ་ཝན་ས་ཁུལ་དུ་ནད་པ24(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ2དང་། ཚེ་འདས་ནད་པ1ཡོད།)བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།