ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རིམས་ནད་འགོག་བཅོས་བྱ་བར་ཞུགས་པའི་སྨན་བཅོས་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཐད་ལ་ཆེད་དུ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིམས་ནད་འགོག་བཅོས་བྱ་བར་ཞུགས་པའི་སྨན་བཅོས་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཐད་ལ་ཆེད་དུ་མཛུབ་སྟོན་གལ་ཆེན་གནང་སྟེ། སྨན་བཅོས་མི་སྣ་ནི་རིམས་ནད་འགོག་བཅོས་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ཁོ་ཚོར་སྲུང་སྐྱོབ་དང་སེམས་ཁུར། གཅེས་སྐྱོང་བྱེད་པར་ཅིས་ཀྱང་མཐོང་ཆེན་བྱེད་དགོས་པ་དང་། ཕྱོགས་སོ་སོའི་ཐད་ནས་རྒྱབ་སྐྱོར་འགན་སྲུང་འདོན་སྤྲོད་བྱས་ནས། ཁོས་ཚོར་དུས་དང་རྣམ་པ་ཀུན་ཏུ་སྟོབས་ལྡན་འཐབ་འཁྲུག་ནུས་ཤུགས་དང་དཔའ་ངར་ཆེར་སྐྱེད། རང་སྟོབས་ནུས་པ་ལྡན་པ་སྲུང་འཛིན་བྱེད་པ་དང་རྒྱུན་མཐུད་དང་བདེ་ཐང་ངང་རིམས་ནད་འགོག་རྒོལ་ལས་རྣམ་པར་རྒྱལ་བའི་འཐབ་འཁྲུག་ཁྲོད་ཞུགས་སུ་འཇུག་དགོས་ཞེས་ནན་གྱིས་བསྟན།

ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། རྒྱ་ཆེའི་སྨན་བཅོས་མི་སྣས་ཉིན་མཚན་མེད་པར་འབད་འཐབ་བྱས་ཤིང་། སྨན་བཅོས་མི་སྣ་ཁ་ཤས་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་ཁ་ཤས་ཀྱིས་རང་སྲོག་བློས་བཏང་བ་དེ་ལས་སྨན་བཅོས་མི་སྣས་བྱམས་དང་སྙིང་རྗེ་ཁ་ན་བསམ་པའི་བླ་མེད་སྙིང་སྟོབས་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ཐེངས་མང་པོར་འགོ་འཛིན་མཛད་དེ་གྲོས་ཚོགས་བསྡུས་ནས་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གནང་ནས། རྒྱལ་ཡོངས་དང་ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་པའི་སྨན་བཅོས་མི་སྣར་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བ་མཚོན་པར་བྱས། ཁོང་གིས་པེ་ཅིན་དུ་རིམས་ནད་འགོག་བཅོས་བྱ་བར་མཛུབ་སྟོན་དང་རྟོག་ཞིབ་གནང་སྐབས་རྒྱ་ཆེའི་སྨན་བཅོས་མི་སྣར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པར་མ་ཟད། ཁོ་ཚོའི་དོན་དངོས་གནད་དོན་དང་དཀའ་ཁག་ཐག་གཅོད་རོགས་བྱེད་པའི་ཐད་ལ་བཀོད་སྒྲིག་དང་རེ་བ་བཏོན།

ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཉེར་དགུ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་དང་དམག་དཔུང་ཁོངས་གཏོགས་ཀྱིས་སྨན་བཅོས་མི་སྣ་ཁྲི་གསུམ་ལྷག་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་དུ་རོགས་སྐྱོར་བྱེད་པར་མངགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།