ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དུས་རབས་གསར་བའི་སློབ་གསོ་ལྟ་སྐུལ་མཛུབ་སྟོན་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་དུས་རབས་གསར་བའི་སློབ་གསོ་ལྟ་སྐུལ་མཛུབ་སྟོན་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བཏོན་པའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སློབ་གསོ་ཐོག་མར་འཕེལ་རྒྱས་སུ་གཏོང་བ་འགན་སྲུང་བྱེད་པ་དང་ཀུན་སྤྱོད་ལེགས་པའི་མི་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་དངོས་འབེབས་བྱེད་པར་དམིགས་ནས། དོ་དམ་སྒྲིག་སྲོལ་ལེགས་སྒྱུར་བྱེད་པ་དང་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཇུག་འབྲས་བཀོལ་སྤྱོད་ནུས་པ་ཇེ་ཆེར་གཏོང་བ་བརྒལ་གཏོར་བྱེད་ས་བྱེད་པ་དང་། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ། དེ་མིན་སློབ་གསོའི་སྒྲིག་གཞི་གཞན་དག་གིས་སློབ་གསོའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

བསམ་འཆར་ལས་ད་དུང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་འཁོར་སྐྱོད་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་འགན་འདྲིའི་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། སློབ་གྲྭར་ལྟ་ཞིབ་བྱེད་པའི་ལས་མི་གདན་ཞུ་བཀོལ་སྤྱོད་དང་དོ་དམ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་འགན་སྲུང་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་ཐད་ལ་རེ་བ་གསལ་བོ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།