ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་དང་མཛུབ་ཁྲིད་ཨུ་ལྷན་གཞུང་ལས་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཧྲི་ཡུན་ཚིན།   སྤེལ་དུས། : 2020-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་དང་མཛུབ་ཁྲིད་ཨུ་ལྷན་གཞུང་ལས་ཁང་གིས་བརྡ་ཐོ་བཀྲམ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུའི་བཀོད་སྒྲིག་བྱས་པ་དང་། ལྟ་སྐུལ་ཞིབ་བཤེར་གྱི་ཁྱབ་ཁོངས་ནི་ས་གནས་ཁག་གི་རིམ་པ་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། རིམ་པ་སོ་སོའི་རིགས་མི་འདྲ་བའི་སློབ་གྲྭ(བུ་བཅོལ་ཁང་ཚུད་པ)། དེ་མིན་སློབ་གསོ་པུའུ་ཡི་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཡིན་པ་རེད།

བརྡ་ཐོའི་ནང་ནན་གྱི་བསྟན་དོན། ཐེངས་འདིའི་ལྟ་ཞིབ་ནང་གཙོ་བོར་རྩ་འཛུགས་འགོ་ཁྲིད་ཀྱི་གནས་ཚུལ་དང་། སྔོན་འགོག་ཚོད་འཛིན་བྱེད་པའི་གནས་ཚུལ། སློབ་གསོ་སློབ་ཁྲིད་ཀྱི་གནས་ཚུལ་བཅས་ཕྱོགས་གསུམ་གྱི་ནང་དོན་འདུས་པ་རེད། དེའི་ནང་སྔོན་འགོག་ཚོད་འཛིན་བྱེད་པར་གཙོ་བོར་སློབ་གྲྭའི་སྒོ་ཆེན་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་དང་། ལུས་དྲོད་ཚད་ལེན་བྱ་རྒྱུ། རིམས་འགོག་དངོས་རྫས་བཀོད་སྒྲིག་བྱ་རྒྱུ། ཟུར་འཇོག་བྱ་ཐབས་དོན་འཁྱོལ་བྱ་རྒྱུ། ཕྱིར་ཁྱིམ་དུ་ལོག་པའི་སློབ་མ་དང་སློབ་ཕྱིའི་དངོས་སྦྱོང་སློབ་མ་ཕན་ཚུན་བར་གྱི་འབྲེལ་གཏུག ཡུལ་དངོས་ནས་གཅིག་སྡུད་སྒོས་སློབ་ཁྲིད་བྱེད་སྒོ་སྤེལ་བ་དང་གསོ་སྦྱོང་བསྒྲུབ་པར་གཏན་འགོག་བྱ་རྒྱུ། “ཉིན་རེའི་སྙན་ཞུ་དང་སྙན་ཞུ་གཅིག་ཀྱང་མེད་པའི”ལམ་ལུགས་དོན་འཁྱོལ་བྱ་རྒྱུ། སློབ་མ་རྣམས་ཕྱིར་སློབ་གྲྭར་ལོག་པའི་གྲ་སྒྲིག་བྱ་བ་ཡག་པོ་སྒྲུབ་པ། འཕྲལ་སྡོམ་སྔོན་ཇུས་བཟོ་བ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱེད་དགོས།

བརྡ་ཐོའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་དང་མཛུབ་ཁྲིད་ཨུ་ལྷན་གཞུང་ལས་ཁང་གིས་དྲ་ཐོག་ཐེར་འདོན་གྱི་ཐབས་ལམ་བཏོད་དེ་གནད་དོན་ཡོད་པའི་ཁུངས་སྣེ་རྩད་ཆོད་ཚེ་ཐེར་འདོན་གོང་ཞུ་བྱ་ཆོག་ལ། མང་ཚོགས་ཀྱི་ཐེར་འདོན་དང་དགེ་སློབ་ཀྱི་བསམ་འཆར་ལས་འབུར་ཐོན་ཅན་གྱི་གནད་དོན་ལ་མགྱོགས་མྱུར་ངང་རྗེས་སྙེག་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད། ། (མཁའ་འགྲོ་ཚ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།