སུན་ཁྲུན་ལན་གྱིས་ཁྲིད་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཝུའུ་ཧན་གྲོང་ཁྱེར་སོགས་ཀྱི་རིམས་ནད་འགོག་བཅོས་བྱ་བར་མཛུབ་སྟོན་བྱས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཁྲིད་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་སུའེ་ཀྲིག་གྲོང་ཁྱེར་ཚུན་ཏུའུ་ཆུས་ཧི་ཏེན་གྲོང་རྡལ་གྱི་ཞང་ཐང་སྲང་ལམ་སྡེ་བ་དང་པེ་ཅའོ་གཞུང་སྒྲུབ་ཁང་ཁུང་ཅ་ཕོ་གཞིས་ཁུལ་དུ་སོང་སྟེ་གྲོང་གསེབ་གཞི་རིམ་གྱི་དྲ་རྒྱ་ཅན་གྱི་དོ་དམ་དང་མི་སྣའི་ཞིབ་བཤེར་དོ་དམ་ཚོད་འཛིན། མང་ཚོགས་ཀྱི་བདེ་ཐང་འགོག་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། གཞིས་ཁུལ་དེ་གཉིས་སུ་བསྟུད་མར་ཉིན་འགའ་ལ་ངོས་བཟུང་བའི་ནད་པ་ཇེ་མང་དུ་སོང་མེད་པ་རྟོགས་རྗེས། སུན་ཁྲུན་ལན་གྱིས་གཟེངས་བསྟོད་བྱེད་པའི་ཚུལ་བསྟན་པར་མ་ཟད་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་གཏན་ནས་ལྷོད་གཡེང་དུ་གཏོང་མི་རུང་ཟེར།

ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཝུའུ་ཧན་ཐུན་ཅི་སྨན་ཁང་དུ་སོང་སྟེ་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣ་དང་བཞུགས་མོལ་བྱས་པར་མ་ཟད། བརྙན་རིས་བརྒྱུད་དེ་ཅིན་དབྱིན་ཐན་སྨན་ཁང་དང་ཝུའུ་ཧན་གྲོང་ཁྱེར་གློ་ནད་ཚན་ཁག་སྨན་ཁང་། ཝུའུ་ཧན་ཞེ་ཧི་སྨན་ཁང་སོགས་ཀྱི་ཆེད་མཁས་པས་ནད་པ་ལྗི་མོར་སྨན་བཅོས་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་དང་བསམ་ཚུལ་ལ་ཉན། སུན་ཁྲུན་ལན་གྱིས་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་པའི་སྨན་བཅོས་མི་སྣར་བཀའ་དྲིན་ཆེ་ཞུས་པར་མ་ཟད་ཚང་མས་མུ་མཐུད་དུ་བློ་གྲོས་དང་སྟོབས་ཤུགས་བཏོན་ནས་མི་དམངས་མང་ཚོགས་ཚེ་སྲོག་བདེ་འཇགས་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།