ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་འཐབ་ཕྱོགས་དང་པོའི་སྨན་པའི་འབྱུང་འགྱུར་ལ་སེམས་ཁྲལ་མེད་པར་བཟོ་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་སྔོན་ལ་སློབ་གསོ་པུའུ་ཡིས《རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དམིགས་ས་ཡོད་པའི་སྒོ་ནས་དགེ་རྒན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་སྐྲུན་འགྲེམས་སྤེལ་བྱས་ནས་རིམས་འགོག་བྱ་བའི་འཐབ་ཕྱོགས་དང་པོར་བྱས་རྗེས་མངོན་གསལ་དོད་པོ་བཞག་པའི་དགེ་རྒན་ལ་སྐུལ་ལྕག་དང་གཟེངས་བསྟོད་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམས་འགོག་བྱ་བའི་འཐབ་ཕྱོགས་དང་པོ་ན་ཡོད་པའི་སྨན་པའི་བུ་ཕྲུག་ལ་ཐུགས་ཁུར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་བྱས་པ་རེད།

《བརྡ་ཐོའི》ནང་དགེ་རྒན་ཚོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་ཤུགས་སྣོན་རྒྱག་དགོས་ལ། ས་གནས་ཁག་གི་སློབ་གསོ་སྡེ་ཁག་དང་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་འགོག་སྲུང་ནན་མོ་བྱས་ཏེ་དགེ་སློབ་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་ཨང་དང་པོར་འཇོག་པ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་ལྟར་ཕྱིར་སློབ་གྲྭར་ལོག་པའི་དགེ་རྒན་རྣམས་ལ་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་ལས་དགེ་རྒན་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་ནས་གཅིག་སྡུད་སློབ་ཁྲིད་དང་གསོ་སྦྱོང་བྱེད་པ་དང་། གཅིག་སྡུད་སྒོས་ལས་ཐོབ་དཔྱད་ཞིབ་བྱེད་པ། ཚོགས་འདུ་ཆེ་གྲས་སོགས་གཅིག་སྡུད་རང་བཞིན་གྱི་བྱེད་སྒོ་ཅི་ཡང་སྤེལ་མི་ཆོག་པ་མ་ཟད། དགེ་རྒན་རྣམས་ཀྱིས་སློབ་གསོ་སློབ་ཁྲིད་ཀྱི་ལས་གནས་ལ་གཞི་ཚུགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ལས་རྒྱལ་ཁ་ལེན་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

《བརྡ་ཐོའི》ནང་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོ་ན་བྱས་རྗེས་མངོན་གསལ་དོད་པོ་འབུལ་མཁན་གྱི་དགེ་རྒན་རྣམས་ལ་སྐུལ་ལྕག་དང་གཟེངས་བསྟོད་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོ་ན་ཡོད་པའི་སྨན་པའི་བུ་ཕྲུག་ལ་ཐུགས་ཁུར་བྱེད་པའི་བྱ་བ་ཡག་པོ་བསྒྲུབ་དགོས་པ་དང་། མཐོ་རིམ་སློབ་གྲྭས་སྨན་བཅོས་འཕྲོད་བསྟེན་སོགས་འབྲེལ་ཡོད་རིག་ཚན་ཁྱབ་ཁོངས་ཀྱི་དགེ་རྒན་རྣམས་ལ་ཚན་རིག་ཞིབ་འཇུག་དང་རིམས་ནད་གདེང་འཇོག་བྱེད་ཐབས་སྒྱུར་བཅོས་དང་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཆེད་ལས་མཁས་པའི་ཚོགས་པ་དང་སྣེ་ཁྲིད་ཤེས་ལྡན་མི་སྣས་བློ་རིག་གཅིག་བསྡུས་ཀྱིས་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏོང་དགོས། དེ་མ་ཟད་དུས་ཐོག་ཏུ་རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོ་ན་ཡོད་པའི་སྨན་པའི་བུ་ཕྲུག་གི་སློབ་སྦྱོང་དང་འཚོ་བའི་དཀའ་ངལ་ཤེས་རྟོགས་ཐུབ་པ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོ་ན་ཡོད་པའི་སྨན་པ་དང་ལྷག་པར་དུ་འཐབ་ཕྱོགས་དང་པོ་ན་ཡོད་པའི་སྨན་པའི་བུ་ཕྲུག་ལ་ལྟ་རྟོག་དང་སློབ་གསོ་གང་ལེགས་བཏང་ནས་འཐབ་ཕྱོགས་དང་པོའི་སྨན་པར་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པར་བཟོ་དགོས།

  གཞན་ཡང་། ས་གནས་ཁག་གི་སློབ་གསོ་སྡེ་ཁག་དང་སློབ་གྲྭས“སློབ་ཁྲིད་བྱེད་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་འཇོག་པའི”བྱ་བ་བཟང་བོ་སྒྲུབ་པར་བཀོད་སྒྲིག་གང་ལེགས་བྱས་ཏེ། ས་གནས་དེ་གའི་དྲ་ཐོག་སློབ་ཁྲིད་ལས་སྟེགས་དང་སློབ་གྲྭ་ཁག་གི་དོན་དངོས་དང་ཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་ནས་དགེ་རྒན་རྩ་འཛུགས་བྱས་ཏེ་དྲ་ཐོག་སློབ་ཁྲིད་བྱེད་དགོས། དེ་དང་དུས་མཚུངས་སུ་ལོ་ཆུང་གཞོན་ནུའི་ལུས་སེམས་བདེ་ཐང་ལ་དོ་སྣང་བྱེད་དགོས་པ་ལས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་དགེ་རྒན་དེང་བརྒལ་དང་། ཚད་བརྒལ་གྱི་དྲ་ཐོག་སློབ་ཁྲིད་བཀོད་སྒྲིག་བྱེད་མི་ཆོག །  

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།